ཅང་ཙི་མིན་གྲོངས་མི་འདུག
ཁོང་གྲོངས་ཚར་པའི་དཀྲོག་གཏམ་ཞིག་མི་མང་ནང་ཁྱབ་སྤེལ་འགྲོ་རྐྱེན་དེ་ཕྱི་ཟླ་༡༠ པའི་ཚེས་༡ ཉིན་རྒྱ་ནག་དབུ་བརྙེས་ནས་ལོ་ངོ་༩༡ འཁོར་པའི་མཛད་སྒོ་སྐབས་སུ་རྒྱ་ནག་གི་དབུ་ཁྲིད་གཞན་ཚང་ཕེབས་ཡོད་ནའང། ་ཁོ་རང་གཅིག་པུ་ཕེབས་མེད་པར་བརྟེན། ཁོང་གྲོངས་ཚར་བའི་གནས་ཚུལ་དེ་ཁྱབ་སོང་འདུག
བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཁོང་ད་ལྟ་མི་མང་མདུན་ལ་ཡོང་བ་དེ་དང་འཚོ་ཞུགས་ཡོད་པ་དེས་རྒྱ་ནག་རྒྱལ་ཁབ་ཀྱི་དམག་མི་རྣམས་ཀྱི་སེམས་པ་ལྷོད་ལ་བབས་པ་དང་། ནུས་པ་ཤུགས་ཆེན་ཐོན་ཡོད་སྐོར་དང་། མ་འོངས་པའི་རྒྱ་ནག་གི་སྲིད་འཛིན་གྱིས་སྲིད་དབང་འཛིན་ཐུབ་པ་ལམ་ལྷོང་ཡོང་ཐབས་སོགས་ལ་འབྲེལ་བ་ཡོད་སྐོར་བརྗོད་མཁན་བྱུང་ཡོད་པ་རེད།
དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་ཐེངས་འདིར་མི་མང་མདུན་ལ་ངོ་བཅར་བྱས་པ་དེས། ཁོ་རང་གི་གཟུགས་པོ་ཐང་པོ་ཡིན་པ་མ་ཟད། མ་འོངས་པར་མུ་མཐུད་ནས་རྒྱ་ནག་གི་ལས་ཀ་བྱེད་ཕྱོགས་ཐད་ཤུགས་སྣོན་རྒྱག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་ར་སྤྲོད་བྱེད་ཆེད་དུ་རེད་ཅེས་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད།།