བོད་རྒྱ་ཞི་མོལ་ལ་བསྐྱར་ཞིབ་ཚོགས་འདུ།
དེ་ཡང་ཚོགས་ཐོག་ཏུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ། ལྡི་ལིའི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་། སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས། སྤྱི་འཐུས་ཟུར་པ་རྨིའུ་མགོན་པོ་མཚོ། འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་བཅས་ཚོགས་ཞུགས་གནང་ཡོད་པ་རེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་གསུམ་པ་དེ་བཞིན་ཉིན་གཅིག་རིང་རྡ་སར་འགོ་འཛུགས་གནང་ཡོད་ཅིང་ཐེངས་འདིར་དམིགས་བསལ་བཀའ་ཤག་གསར་པའི་ངོས་ནས་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཐད་བསྐྱར་ཞིབ་གནང་རྒྱུའི་ཆེད་ཡིན་འདུག བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཕྱི་རྒྱལ་ཁག་ཏུ་བཞུགས་མཁན་ཚོ་ཚོགས་བཅར་བྱས་མེད་པ་རེད། །
{jcomments on}