རྒྱ་གར་གྱི་ཞིང་པ་བཞི་ཉེན་རྟོག་པས་བསད་ཡོད་པ་རེད།

སྐབས་དེར་ངོ་རྒོལ་བྱེད་མཁན་གྱི་ཞིང་པ་བཞི་ལ་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་ཡོད་ནའང། ཉེན་རྟོག་པས་ཞིང་པ་ཚོར་ག་རེ་བྱས་ནས་མེ་མདའ་བརྒྱབ་ཡོད་པ་དེ་ལམ་སང་ཤེས་ཀྱི་མེད་པ་རེད་ཅེས་ས་གནས་ཀྱི་འབྲེལ་ཡོད་ལས་བྱེད་པས་བརྗོད་ཡོད་པ་རེད།

 

  ས་གནས་དེར་ཉེ་དུས་ནས་ཉེན་རྟོག་པ་དང་ཞིང་པའི་བར་འཁྲུག་རྩོད་ཡང་ཡང་ཤོར་གྱི་ཡོད་པ་དང། འཁྲུག་རྩོད་དེ་འདྲ་ཡོང་དགོས་པའི་རྒྱུ་རྐྱེན་ནི་རྒྱ་གར་གཞུང་གིས་མི་མང་གི་ས་ཞིང་ཐོག་ཁང་པ་དང་འཛུགས་སྐྲུན་བྱ་རྒྱུའི་ལས་གཞི་ལ་ཞིང་པ་ཚོས་ངོ་རྒོད་བྱེད་ཀྱི་ཡོད་པ་རེད།

ནམ་རྒྱུན་རྒྱ་གར་ནང་མི་མང་གིས་གཞུང་ལ་ངོ་རྒོལ་དང་རེ་འབོད་བྱེད་ཀྱི་ཡོད་པ་དང་། གཞུང་ངོས་ནས་ཀྱང་རེ་འབོད་ལ་ཉན་འཇོག་བྱས་ཏེ་ཉེན་རྟོག་པས་ལུགས་མཐུན་ངང་བཀག་འགོག་བྱེད་པ་དང། ལས་འགུལ་མཚམས་འཇོག་བྱེད་པ་ལས།  དྲག་གནོན་དང་། ལས་འགུལ་བ་བསད་པའི་གནས་ཚུལ་ཧ་ཅང་ཉུང་ཉུང་ཡིན་པ་རེད།།