དབུས་གཙང་ཆོལ་ཁ་ལ་བརྒྱ་གོ་གཅིག་ཆོད་ཀྱི་སྤྱི་འཐུས་ཞིག་ཡོད་མ་རེད་པས།

 དྲ་གྲོགས་ཚོ་བོད་ཀྱི་བང་ཆེན་ནང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཆ་ཚང་འདེམས་ཐུབ་སོང་ཞེས་པའི་མགོ་བརྗོད་འོག་བར་མིའི་འོས་བསྡུ་ཁྱབ་སྒྲགས་གནང་འདུག དེའི་རྒྱུད་རིམ་ལ་བཞིག་ཚེ་དངོས་གནས་བྱས་ན་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཁ་བསྐོང་དགོས་གལ་མ་མཐོང་། གང་ཡིན་ཟེར་ན་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་རང་དབང་མང་གཙོའི་གཞུང་གིས་རྩ་འཛིན་བཅའ་ཁྲིམས་རིན་པོ་ཆེ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་དང་བཅས་པ་ཡུལ་ཁྲིམས་དུ་སྦྱར་ཏེ་ད་ཆ་བོད་གཞུང་ཞེས་པའི་མཚན་གནས་བེད་སྤྱོད་མེད་པ་བཟོ་དགོས་སུ་གྱུར་པའི་གནད་དོན་ཡོངས་རྫོགས་ཀྱི་འབྱུང་ཁུངས་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ཡོད་བཞིན་དུ་སྤྱི་འཐུས་གཞན་ག་ཚོད་ཡོད་ཀྱང་དབུས་གཙང་ཆོལ་ཁའི་དངོས་འདོད་བོད་གཞུང་མེད་པ་བཟོ་རྒྱུའི་འཇོན་ཐང་ཡོད་མཁན་ཁོ་ལྟ་བུ་རག་ཐུབ་ཀྱི་མ་རེད་ཅེས་ངས་ཀྱང་བཤད་ཐུབ། ད་ལེན་གྱི་ཟིན་བྲིས་འདི་ཡི་སྟེང་དྲ་གྲོགས་ཡོང་ནས་དགོངས་ཚུལ་གསུང་རོགས།

 

དེ་ཡང་ཚིག་བརྩོད་ཙམ་མ་ཡིན་པ་དོན་དངོས་ཐོག་འབྲེལ་བའི་དགོངས་ཚུལ་ཡོད་པ་ཞུ།། བོད་དོན་བག་ཡོད།