ཧུའུ་ཅིན་ཐོའོ་ནི་བོད་ཀྱི་དཀའ་རྙོག་བསྐྲུན་མཁན་གཏེ་བོ་དེ་ཡིན།
རྒྱ་རིགས་རྩོམ་པ་པོ་ཚེན་ཝེ་ཅན།ཧུའུ་ཅིན་ཐོའོ་ཡི་ཆབ་སྲིད་ཀྱི་རྒྱུད་རིམ་དེར་ཕྱི་ལོ་༡༩༨༩ ལོར་ཁོས་བོད་ཐོག་དྲག་གནོན་བྱས་པ་དང་། ཁོས་དྲག་གནོན་གྱི་རྒྱུད་རིམ་ཁྲོད་བྱམས་དང་སྙིང་རྗེ་མེད་པའི་མི་གསོད་ལག་དམར་ཞིག་གི་ཆ་ཤས་བླངས་པ་དེ་རྒྱ་ནག་གི་འགོ་འཛིན་ཏིང་ཞོའོ་ཕེན་གྱིས་བློ་རུ་སོང་ནས། མ་འོངས་པའི་རྒྱ་ནག་གི་འགོ་འཛིན་དུ་སྔོན་བཀོད་བྱུང་པ་རེད།
ཁོས་ཅང་ཙེ་མིན་གྱི་ལག་ནས་ཆེས་མཐོ་བའི་དབང་ཆ་དེ་ཉིད་ཚུར་བླངས་པ་ནས། ཆབ་སྲིད་ཀྱི་སྲིད་དབང་ཁ་ཐོར་རུ་གནས་པའི་སྲིད་དོན་ལས་ཁུངས་ནང་། ཧུའུ་ཅིན་ཐོའོ་ཡི་བོད་ཡུལ་དུ་རོལ་བའི་དམིགས་བསལ་གྱི་ལོ་རྒྱུས་དེས། ཁོ་ལ་བོད་དོན་ཐད་རྩོད་མེད་དང་སུས་ཀྱང་འགོག་ཐབས་མེད་པའི་གཏམ་བཤད་ཐུབ་པའི་རང་དབང་དེ་ཐོབ་པ་རེད། ཏང་ནང་ཁུལ་གྱི་བོད་ཀྱི་གནད་དོན་ཐད་བྱུང་བའི་ཅུང་གུ་ཡང་གི་སྐད་ངག་དང་། ཏཱ་ལིའི་བླ་མ་ཐོག་འཛིན་བའི་བསམ་ཚུལ་འདྲ་མིན་ཀྱང་ཧུའུ་ཅིན་ཐོའོ་སྲིད་སྟེགས་སུ་ཐོན་པ་ནས། གྲང་ཤུར་ཤུར་དུ་གྱུར་པ་རེད། ཧུའུ་ཅིན་ཐོའོ་ཡིས་བོད་ཀྱི་ས་གནས་སུ། མཁྲེགས་བཟུང་དང་དྲག་གནོན་སྲིད་བྱུས་དེ་ལག་བསྟར་བྱས་པ་ནས། བོད་ཀྱི་ས་གནས་སུ་མི་རིགས་གནད་དོན་གྱི་འགལ་ཟླ་དེའང་ཆེས་མཐོ་བའི་ཁ་བྲལ་ལམ་ལུགས་སུ་སྒྱུར་པ་རེད། བོད་ཀྱི་དཀའ་རྙོག་དེའང་ཁ་བྲལ་དང་ཁ་བྲལ་ལ་འཐབ་རྒོལ་གྱི་གནད་དོན་ཞིག་ཏུ་བསྒྱུར་པ་རེད། ད་དུང་ཁུངས་མེད་ལུང་མེད་ཀྱིས་མི་རིགས་འགལ་ཟླ་ཇེ་ཆེར་གཏོང་བའི་སྲིད་བྱུས་མང་པོ་ལག་བསྟར་བྱས་པ་རེད། བོད་ཀྱི་ཐུན་མིན་རིག་གཞུང་ལ་གཏོར་བཤིག་དང་། རྒྱ་ནག་གི་རིག་གཞུང་སློབ་གསོ་དར་སྤེལ་བྱེད་པ། དགོན་སྡེ་ཁག་ལ་ཆབ་སྲིད་ཀྱིས་འཛིན་སྐྱོང་བྱེད་པ། དགེ་འདུན་གྱི་ཀླད་པ་བཀྲུས་གང་ཐུབ་བྱེད་པ་དང་། ལྷག་པར་ཏུ་ཏཱ་ལའི་བླ་མ་བདུད་འདྲེའི་གཟུགས་སུ་བཀོད་སྒྱུར་བྱེད་པ་སོགས་ཀྱིས་བོད་དམངས་ཡོངས་ལ་ཕོག་ཐུག་ཚབས་ཆེན་བྱུང་པ་དང་། སྤྱིར་བཏང་ནས་ཅུང་ཞི་མཐུན་དུ་གནས་པའི་བོད་ཀྱི་མི་རིགས་འགལ་ཟླའི་གནས་སྟངས་དེ་སྡུག་ཏུ་བཏང་བ་དང་། ཛ་དྲགས་ཆེ་རུ་སོང་པ་རེད། ཧུའུ་ཅིན་ཐོའོ་ཡིས་བསྟུད་མར་སྤེལ་བའི་མི་རིགས་རིང་ལུགས་ཀྱི་ཚར་གཅོད་ལས་འགུལ་ནང་། མི་རིགས་རིང་ལུགས་ཀྱི་ཁ་གཡང་ཆེ་རུ་བསྒྲོགས་པ་དང་། གནོད་ཤུགས་ཀྱང་ཆེ་རུ་སོང་པ་རེད། བོད་ལྗོངས་སུ་འཁོད་བའི་དཔོན་རིགས་ཚང་མས་ཁོའི་སྲིད་ཇུས་ལ་ལད་ཟློས་དང་རྒྱུན་འཛིན་བྱས་པ་རེད། ལོ་ངོ་བཅུའི་རིང་ཧུའུ་ཅིན་ཐོའོ་ཡིས་བོད་ས་ཐོག་འཛིན་བའི་མཁྲེགས་བཟུང་དང་དྲག་གནོན་དེས། བོད་ལྗོངས་ལ་བཟོད་ཐབས་བྲལ་བའི་མཇུག་འབྲས་ཤིག་བསྐྲུན་པ་རེད་ལ། བོད་ས་ཡོངས་སུ་མེ་རི་ལྟར་གྱུར། བོད་མིའི་སེམས་ཁོངས་སུ་ཁོང་ཁྲོའི་མེ་རླབས་འབར་པ་དང་།བོད་ས་ཡོངས་ལ་འཁོན་འཛིན་གྱི་མེ་ལྕེ་བྱུང་པ་རེད། (博讯 boxun.co་
དེ་རིང་། བོད་ལྗོངས་སུ་དྲག་གནོན་བྱེད་བའི་མི་དཔུང་དེ་དག།ཕལ་ཆེ་བ་ནི་ཧུའུ་ཅིན་ཐོའོ་ཡིས་སྲིད་དབང་འཛིན་པའི་ལོ་ངོ་བཅུའི་ནང་གསོ་སྐྱོང་བྱས་བའི་དེང་རབས་ཀྱི་ན་གཞོན་འབའ་ཞིག་ཡིན་པ་དང་། ཅིག་བྱས་ན་ཁོ་ཚོས་རྒྱ་ནག་རིག་གསར་སྐབས་ཀྱི་གྱོང་གུད་དང་། རྒྱ་ནག་གི་རྒྱུན་དུ་ལོ་རྒྱུས་སུ་སྦས་བའི་སྲིད་བྱུས་ནི། ཁོ་ཚོར་མཚོན་ན་རྒྱངས་རིང་གི་གནའ་སྒྲུང་ཞིག་ལས་ཅི། ཧོའོ་ཡཱ་པང་ལ་བདེན་འགེབས་རྫུན་སྟོན་གྱིས་ངན་གཡོག་བྱས་པ་དང་། བོད་མི་ཚོས་རང་སྲིད་རང་སྐྱོང་ལ་ཆེས་རེ་བ་དང་ཡིད་ཆེས་ལྡན་པའི་རིན་ཐང་ཅན་གྱི་ལོ་ཟླ་ནི་ཁོ་ཚོར་མཚོན་ན་འདི་དག་གོ་ཐོས་བྱུང་བར་ཆེས་ཉུང་ཉུང་ལོས་ཡིན། བོད་མི་ཚོའི་སེམས་ཚོར་ནི་ཚར་ལོངས་ཀྱི་ལོ་ངོ་བཅུའི་བརྒྱུད་རིམ་ཁྲོད་རིམ་བཞིན་བསགས་འཇོག་བྱུང་བ་རེད། ཁོང་ཚོ་སློབ་སྦྱོང་བྱེད་སྐབས་དཀའ་ངལ་འཕྲད་པ་དང་། བྱ་བ་སྒྲུབ་སྐབས་དཀའ་ངལ་འཕྲད་པ་དང་། ཕྱི་བསྐྱོད་བྱེད་སྐབས་དཀའ་ངལ་འཕྲད་པ་དང་། ཐ་ན་ཆོས་ལུགས་དད་མོས་ཐད་ཀྱང་དཀའ་ངལ་འཕྲད་པ་རེད། དཀའ་ངལ་འདི་དག་ཀྱང་ཁོང་ཚོའི་མི་རིགས་ངོ་བོ་ནས་བྱུང་པ་ཡིན་དུས། ཁོང་ཚོའི་མི་རིགས་ངོ་བོ་དེའི་རྐྱེན་པས་ཁོང་ཚོར་གཞན་གྱིས་མཐོང་ཆུང་བྱེད་པ་དང་། ཐ་ན་རང་ཉིད་ཀྱི་ཕ་ས་རུ་ཁོང་ཚོ་དབྱེ་འབྱེད་བྱེད་ཀྱི་ཡོད། དེང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་། ཁོང་ཚོའི་མདུན་ལམ་ནི་མག་མོག་ཏུ་གྱུར་པ་དང་། འཚོ་ཐབས་ཀྱང་མེད་པའི་ཚོར་བ་སྟེར།
ལོ་ངོ་བཅུའི་རིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་འདི་ནི། ཧུའུ་ཅིན་ཐོའོ་ཡིས་བཟོ་བསྐྲུན་ལས་བྱུང་བ་རེད། བོད་ཀྱི་དཀའ་རྙོག་འདི་ནི་ལོ་རྒྱུས་ཀྱི་གནད་དོན་ཞིག་ཡིན་ནའང་། གཙོ་བོར་ཧུའུ་ཅིན་ཐོའོ་ལ་འགན་ཡོད་པ་ཡིན། འདི་ནི་ཧུའུ་ཅིན་ཐོའོ་ཡིས་བོད་ཐོག་འཛིན་པའི་ཆེས་མཁྲེགས་བཟུང་དང་ངོ་ཚ་མེད་པའི་ཆབ་སྲིད་ཀྱི་སྲིད་བྱུས་དེས་བོད་ཀྱི་དེང་རབས་ན་གཞོན་མང་པོ་ངོ་རྒོལ་གྱི་ལམ་དུ་བརྫངས་པ་རེད།
བོད་ཀྱི་གནད་དོན་ཐད། བོད་ཀྱི་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མས་རྒྱ་ནག་གི་བོད་ཐོག་ཇི་ལྟར་སྲིད་བྱུས་ངན་པ་སྤེལ་བ་རེད་ཅེས་རྒྱ་ནག་གིས་ཁོང་ལ་ཇི་ལྟར་བདུད་འདྲེ་ལྟར་ལྟ་ཚུལ་བཟུང་ནའང་། ཁོང་གིས་ནམ་ཡང་རྒྱ་ནག་གི་ཅིག་འགྱུར་ལ་སྲོང་སྐྱོབ་བྱེད་པ་དང་། རྒྱ་ནག་གི་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་དེར་སྲོང་སྐྱོབ་ཐོག་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་ཀྱི་ཡོད་པ་རེད། ཁོང་གི་ལོ་རྒྱུས་ལ་རྩོད་སྒྲུབ་མི་བྱེད་པ་དང་། དེང་རབས་ཅན་དང་རྒྱ་མི་རིགས་ཀྱི་མི་འབོར་དཀའ་ངལ་ལ་ཐུགས་བསམ་བཞེས་པ་དང་། རྒྱ་ནག་མི་རིགས་ཀྱི་བསམ་པའི་དཔལ་ཡོན་གྱི་ཉམས་རྒུད་ཐད་ཐུགས་བསམ་བཞེས་ཀྱི་ཡོད་ལ། བོད་འདི་རྒྱ་ནག་གི་མངའ་ཁོངས་སུ་སྡོད་འདོད་ཡོད་པ་དང་། རྒྱ་རིགས་མཉམ་དུ་འཚོ་བ་སྐྱེལ་འདོད་ཡོད་པ་མ་ཟད། རྒྱ་ནག་འདི་ཉིད་རིན་ཐང་ཅན་ཞིག་དང་རྒྱུན་སྲོལ་གྱི་དཔལ་ཡོན་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་འཛུགས་བསྐྲུན་བྱེད་འདོད་ཡོད། འོན་ཀྱང་ཧུའུ་ཅིན་ཐོའོ་ཡིས་ཁོང་གི་བྱམས་བརྩེ་ལ་སྣང་མེད་གཏོང་བ་དང་བོད་ཀྱི་དཀའ་རྙོག་སེལ་བར་ཏཱ་ལའི་བླ་མར་རིན་ཐང་གཏན་ནས་འཇོག་གི་མེད།
ལོ་རབས་བརྒྱད་བཅུ་ནས་བྱུང་བའི་“རྒྱ་བོད་ཞི་མོལ”་དེ་ཡང་“བོད་མི་ཡུལ་སྐོར་སྤྲོ་འཆམ་རུ་ཁག”ཏུ་བསྒྱུར་པ་རེད། ཏིང་ཞོའོ་ཕང་གིས་“རྒྱ་བོད་གྲོས་མོལ”དང་རང་བཙན་ཕུད་པར་གནད་དོན་གཞན་གང་གི་ཐད་ནས་ཀྱང་གྲོས་མོལ་བྱེད་ཆོག་པའི་སྲིད་བྱུས་དེ་དང་ཡོངས་སུ་འགལ་པ་རེད་ལ། མ་ཟད་བོད་ཐོག་སྲིད་བྱུས་ནོར་བ་མང་པོ་སྤེལ་བ་དང་བོད་མིས་མི་འདོད་པའི་ངོ་རྒོལ་སྣ་ཚོགས་བསྐྲུན་པ་དང་། མཐར་དེ་དག་ཡོད་ཚད་ཏཱ་ལའི་བླ་མའི་མགོ་ལ་གཡུག་པ་རེད། འདི་དག་ནི་“ཏཱ་ལའི་རུ་ཚོགས”ཀྱི་ངན་སྐུལ་རེད་ཅེས་ལབ་པ་རེད། འདི་ནི་དཀར་ནག་དང་བདེན་རྫུན་འགོ་རྟིང་ལོག་པ་རེད་ལ། བོད་མི་ཚོའི་སེམས་ཁམས་ལ་ཕོག་ཐུག་བཏང་བ་རེད། དེས་ལོ་རྒྱུས་སུ་རྒྱ་རིགས་དང་ཕན་ཚུན་མཛའ་མཐུན་དང་ཆོས་འབྲེལ་ཡོད་པ། སྤུན་མཆེད་ཀྱི་འདུ་ཤེས་ཡོད་པ། ཕན་ཚུན་དབར་མཚམས་རེར་འཁོན་འདྲེས་ཡོད་ནའང་ཕན་ཚུན་གང་ཐུབ་ཀྱིས་མཛའ་འབྲེལ་ཡོད་པའི་མི་རིགས་ཤིག་དགྲ་རུ་འཛིན་པ་རེད། ཧུའུ་ཅིན་ཐོའོ་ཡིས་བོད་ཐོག་འཛིན་པའི་པའི་སྲིད་བྱུས་དེས། བོད་མི་ཁ་བྲལ་གྱི་ལམ་དུ་བརྫངས་པ་རེད་ལ། གལ་སྲིད་ཉིན་ཞིག་བོད་འདི་རྒྱ་ནག་གི་མངའ་ཁོངས་ནས་ཁ་བྲལ་སོང་ན། ཧུའུ་ཅིན་ཐོའོ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཅན་ཞིག་ཏུ་གྱུར་ངེས་རེད།
ཧུའུ་ཅིན་ཐོའོ་ཡི་ཆབ་སྲིད་བརྒྱུད་རིམ་ནང་ཐོག་མ་ནས་བོད་མི་བསད་པ་རེད་ལ། མུ་མཐུད་དུ་བོད་མི་གསོད་རྒྱུ་རེད། ཁོས་སྟངས་འཛིན་བྱེད་པའི་ལོ་ངོ་བཅུའི་རིང། ཆབ་སྲིད་དེ་དྲག་གནོན་དུ་གྱུར་པ་རེད་ལ། བོད་ལྗོངས་འདི་ཉིད་ནི་དྲག་དམག་གིས་གང་བྱུང་བོད་མི་གསོད་གཏུབ་ཆོག་པའི་ས་གནས་ཤིག་ཏུ་བསྒྱུར། ཁོ་རང་སྲིད་དབང་ལ་ཁ་བྲལ་ཁར། ལུས་པོ་ཡོངས་སུ་བོད་མིའི་ཁྲག་གི་གོས་པ་རེད། ཡིན་ནའང་མི་གསོད་ན་ཁྲག་ལན་འཇལ་དགོས་ཀྱི་ཡོད་་པ་དང་། མོའོ་ཙེ་ཏུང་གིས་རིག་གསར་སྐབས་སུ་བོད་ནང་བསགས་བའི་ནག་ཉེས་དེ་དག།ཧོའོ་ཡོ་པང་གིས་ཁོའི་ཚབ་བྱས་ཏེ་འཇལ་བ་རེད། ཡིན་ནའང་ཧུའུ་ཅིན་ཐོའོ་ཡིས་བསགས་པའི་ནག་ཉེས་དེ་ཚོ་སུས་འཇལ་རྒྱུ་ཡིན་ནམ།།
རྒྱ་ཡིག་ལས་མེ་སཱོར་འཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པས་བསྒྱུར།
མ་རྩོམ། http://boxun.com/news/gb/pubvp/2012/03/201203101048.shtml