གསལ་བསྒྲགས།

ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་ཡོད་པའི་རྒྱུད་སྟོད་གསོལ་མགྲོན་ཁང་དུ་ཕྱི་ནང་ཁག་ནས་ཅ་དངོས་བཅོལ་འཇོག་མང་དག་ཅིག་ཡོད་པ་དེ་ཉིད་ད་ཆ་ཁང་པ་ཉམས་གསོ་དང་གཙང་མ་བཅས་བཟོ་རྒྱུ་ལགས་ན།

འབྲེལ་ཡོད་ཅ་དངོས་ཡོད་རིགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡ ནས་ཕྱི་ཟླ་ ༧ པའི་ཚེས་ ༣༡ བར་གྱི་ཟླ་གཉིས་ནང་ཚུན་ངེས་བསྣམ་དགོས་པ་དང། གལ་སྲིད། གོང་གསལ་ཚེས་གྲངས་ལས་བརྒལ་ཚེ་ཅ་དངོས་ཅི་ཡོད་འགན་ལེན་ཞུ་རྒྱུ་མིན་ན། ཅ་དངོས་ཡོད་རིགས་ནས་དེ་ལུགས་ལ་དགོངས་བཞེས་གནང་སྐྱོང་ཡོང་བ་ཞུ།

ལྡི་ལི་རྒྱུད་སྟོད་གསོལ་མགྲོན་ཁང་འགན་འཛིན་ནས་ཕྱི་ལོ་༢༠༡༢ ཟླ་༤ ཚེས་༡ ཉིན་ཕུལ།