ཧྥ་རན་སིའི་སྲིད་འཛིན་འོས་འདེམས།

བྷི་བྷི་སིའི་གནས་ཁང་གིས་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན།  ཧྥ་རན་སིའི་སྲིད་འཛིན་གྱི་འོས་ཤོག་ཧྥི་རན་ཁོ་ས་ཧོལ་ལན་ཌི་ལ་ཐོབ་ཡོད་པ་རེད།

སྐུ་ཞབས་ཧོལ་ལན་ཌི་ཡུལ་དེའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཡིན་པ་དང་། ཁོང་གིས་ཡུ་རོབ་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་ལ་དམིགས་ནས་གཞུང་གི་བུ་ལོན་ཐོག་བསྐྱར་ཞིབ་བྱེད་རྒྱུ་དམ་གཅའ་བྱས་ཡོད་པ་རེད།

སྤྱི་ཚོགས་རིང་ལུགས་པའི་དབུ་ཁྲིད་ཁོང་ལ་རེས་གཟའ་ཉི་མ་ཉིན་མོར་འོས་ཤོག་བརྒྱ་ཆ་༥༢ གི་ཐོབ་ཡོད་པ་རེད།

ད་ལྟ་ལས་ཐོག་ཏུ་ཡོད་པའི་སྲིད་འཛིན་སར་ཀོ་ཛི་ནི་ཕྱི་ལོ་༡༩༨༡ ལོ་ནས་ཧྥ་རན་སིའི་སྲིད་འཛིན་གྱི་འོས་ཤོག་བསྟུན་མར་ཐེངས་གཉིས་མ་ཐོབ་པ་དང་པོ་དེ་ཆགས་ཡོད་པ་རེད། ཁོང་གིས་ཟླ་འདིའི་ཕྱི་ཚེས་༡༥ ཉིན་སྲིད་དབང་རྩིས་སྤྲོད་བྱེད་རྒྱུ་ཡིན་པ་རེད། །