གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་བརླག་འདུག
གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་གོམ་བགྲོད་བྱས་ཏེ། རྒྱ་གར་ས་མཚམས་བརྒལ་བ་དང་། ཟླ་འདིའི་ཚེས་༡༠ ཉིན་བལ་ཡུལ་ཉེན་རྟོག་པས་བཀག་འགོག་བྱས་པ་དང་། ཨ་མ་ལྡོམ་པ་སྐྱིད་ཀྱི་གཟུགས་པོར་གནོད་སྐྱོན་ཡང་བྱུང་ཡོད་འདུག
དེ་རྗེས་རྒྱ་གར་ནང་ཕྱིར་བཏང་ནས་ཨ་མ་རྒྱ་གར་སྨན་ཁང་དུ་ཁྲིད་དེ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། ཟླ་འདིའི་ཚེས་༡༣ གྱི་མཚན་མོ་་ཙམ་ལ་གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་བརླགས་སུ་སོང་ཡོད་འདུག ཁོང་གིས་དེ་སྔོན་ཨ་མས་སྨན་ཁང་ནས་ངལ་གསོ་བྱས་རྗེས། མུ་མཐུད་གོམ་བགྲོད་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
ས་གནས་ནས་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ཚེ་བརྟན་རྡོ་རྗེ་ད་ལྟ་གར་སོང་ཤེས་ཀྱི་མི་འདུག ང་ཚོས་འཚོལ་བཞིན་ཡོད་ཅེས་ཁ་པར་བརྒྱུད་འདི་ག་གསར་ཁང་དུ་འགྲེལ་བརྗོད་བྱས་སོང་།