གསར་འགོད་པའི་ས་མིག་གསལ་བསྒྲགས།

༄༅།    །ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནང་གསར་འགོད་པ་གཉིས་དང་བོད་སྐད་སྡེ་ཚན་ནང་བེུད་གསར་འགོད་པ་གཅིག་བཅས་གསར་བསྡུ་ཞུ་རྒྱུ་ཡིན། གསར་འགོད་པའི་ཡིག་རྒྱུགས་ནང་འཛུལ་ཞུགས་ཆེད་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་མཚན་ཐོག་ཕྱི་ཟླ་ ༦ ཚེས་༡༡ ནང་ཚུད་སྙན་ཞུ་འབུལ་འབྱོར་ཐུབ་པ་དགོས།

བོད་སྐད་སྡེ་ཚན་གྱི་གསར་འགོད་པའི་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མཁན་ཚོར་གཤམ་འཁོད་ཆ་རྐྱེན་རྣམས་ངེས་པར་དུ་ཚང་དགོས།

༡༽ བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་དང༌། སྐྱབས་བཅོལ་ལག་ཁྱེར་ RC ཡང་ན། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གང་རུང༌།
༢༽ བོད་དབྱིན་གཉིས་ཀྱི་ཤེས་ཚད་རང་སྐྱ་འཕེར་ངེས་ཡོད་པ།
༣༽ Bachelor’s Degree ཡང་ན། དེ་དང་མཚུངས་པའི་ལག་ཁྱེར་ལྡན་པ།
༤༽ གསར་འགོད་པར་འདེམས་ཐོན་བྱུང་ཚེ་ཟླ་དྲུག་རིང་ཚོད་ལྟ་དང༌། དེའི་རྗེས་རླུང་འཕྲིན་ཁང་དུ་ཉུང་མཐར་ལོ་གསུམ་རིང་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ།

རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པའི་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མཁན་ཚོར་གཤམ་འཁོད་ཆ་རྐྱེན་རྣམས་ངེས་པར་དུ་ཚང་དགོས།
༡༽ བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་དང༌། སྐྱབས་བཅོལ་ལག་ཁྱེར་ RC
༢༽ བོད་རྒྱ་གཉིས་ཀྱི་གནས་ཚད་ལེགས་པོ་ཡོད་པ།
༣༽ ཉུང་མཐར་འཛིན་རིམ་12 ཀྱི་ལག་འཁྱེར་ལྡན་པ་དང་རྒྱའི་སྐད་(普通话)ཀྱི་སྒྲ་གདངས་གསལ་པོ་དང་ཀློག་བཟང་པོ་ཡོད་པ།
༤༽ གསར་འགོད་པར་འདེམས་ཐོན་བྱུང་ཚེ་ཟླ་དྲུག་རིང་ཚོད་ལྟ་དང༌། དེའི་རྗེས་རླུང་འཕྲིན་ཁང་དུ་ཉུང་མཐར་ལོ་གསུམ་རིང་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ།

གསར་འགོད་པའི་ལས་རིགས་ཀྱི་ཉམས་མྱོང་ཡོད་པ་དང་སློབ་སྦྱོང་ཐོན་པ་དེ་བཞིན་བེུད་ལ་དམིགས་བསལ་ཡོད།
གོང་གསལ་ཆ་རྐྱེན་ལྡན་པ་དང༌། གསར་འགོད་པའི་ལས་དོན་ནང་ཞུགས་འདོད་ཡོད་རིགས་རྣམས་ཚུད་རྒྱུགས་ནང་ཞུགས་རྒྱུའི་ཆེད། རང་གི་ལོ་རྒྱུས་སྙིང་བསྡུས་འཁོད་པའི་སྙན་ཞུ་དང༌། གོང་གསལ་ཆ་རྐྱེན་གྱི་ཁུངས་སྐྱེལ་ཡིག་ཆ་ཁག་དང༌། སློབ་སྦྱོང་ཐོན་པའི་ལག་ཁྱེར་སོགས་ཀྱི་ངོ་བཤུས་བཅས་གོང་གསལ་དུས་ཚེས་ནང་ཚུན་གཤམ་འཁོད་ཁ་བྱང་ཐོག་འགོད་འབུལ་ཞུ་དགོས།

Email: editor@vot.org, tpeldon@vot.org