ཀུན་རྫོབ།
མི་རིགས་ཤིག་དང་རྒྱལ་ཁབ་ཅིག་འཚོ་སྐྱོང་ངེས་་པར་དུ་བྱེད་དགོས་ན་རང་གི་ཕ་ཡུལ་གཅིག་པ་ལ་གཅེས་ཞེན་ནས་བཟུང་རིམ་གྱིས་ལུང་ཚན་གཞན་དང་སྡེ་ཚན་གཞན་ལ་ངེས་པར་དུ་གཅེས་ཞེན་དགོས། སྤྱི་སྟངས་རང་གི་ཕ་ཡུལ་གཅིག་པ་ལ་གཅེས་ཞེན་བྱེད་ཚུལ་མ་ཤེས་ནས་རང་ཕྱོགས་ལ་གཅེས་པ་དང་གཞན་ཕྱོགས་ལ་སྡང་བ། ཆགས་སྡང་དེ་གགཉིས་ཀྱི་དབང་དུ་སོང་ན་མི་རིགས་དང་སྐད་ཡིག་སོགས་རྩ་གཏོར་འགྲོ་ཉེན་ཆེ། བོད་སྤྱི་དང་ལྷག་པར་མི་རིགས་ལ་དུང་སེམས་ཆེ་བ་ཞིག་ཡིན་ན་དང་པོ་རང་གི་ལུང་ཚན་ནས་གོམ་སྟབས་བགྱིས་ཏེ་ཐབས་ལམ་འཚོལ་དགོས།