ཡུ་རོབ་ཀྱི་བོད་མིའི་གདུང་སེམས་མཉམ་བསྐྱེད་ལས་འགུལ།

dalai lama_2012_5_26ཟླ་འདིའི་ཚེས་༢༦ ཉིན་༧གོང་ས་མཆོག་གིས་བོད་མི་རྣམས་ནས་རང་ཉིད་ཀྱི་ངོ་བོ་དང་ཤ་ཁྲག་རུས་གསུམ་བོད་ནས་བྱུང་བ་དེ་དུས་ནམ་ཡང་བརྗེད་རྒྱུ་མེད་སྐོར་ཡུ་རོབ་བོད་རིགས་མཐུན་ཚོགས་མཉམ་འབྲེལ་གྱིས་ལས་འགུལ་ཐོག་མི་མང་ཆིག་ཁྲི་ལྷག་ལ་བཀའ་སློབ་གནང་ཡོད་པ་རེད།

ཨོ་སི་ཊི་རི་ཡའི་རྒྱལ་ས་ཝི་ཡེ་ནའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐང་ཆེན་ཧེལ་ཌེན་པེལེཛ་འམ་དཔའ་བོའི་ཐང་ཆེན་དུ་ཟླ་འདིའི་ཚེས་༢༦ ཉིན་ཡོ་རོབ་ཁུལ་གྱི་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་གི་གོ་སྒྲིག་འོག “ད་ལྟའི་བོད་ལ་ཁྱེད་དགོས་གལ་”ཞེས་པའི་རྒྱ་ནག་གཞུང་གིས་བཙན་དབང་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཐོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་མང་ཆིག་ཁྲི་ལྷག་མཉམ་འཛོམས་བྱས་ཡོད་པ་རེད།

dalai lama_2012_5_26

ཚོགས་ཐོག་ཏུ་༧གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་དེ་བཞིན་ནང་ཆོས་ཀྱི་རིག་གཞུང་ཞིག་ཡིན་སྟབས། བོད་མིས་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་གནང་གི་ཡོད་སྐོར་སོགས་བཀའ་སློབ་གནང་ཡོད་པ་རེད། ༧གོང་ས་མཆོག་གིས་བོད་ལ་ལོ་ངོ་ཉིས་སྟོང་ནས་སུམ་སྟོང་བར་གྱི་ལོ་རྒྱུས་ཡོད་པ་དང་། བོད་མི་རྣམས་ནས་རང་ཉིད་ཀྱི་ངོ་བོ་དང་ཤ་ཁྲག་རུས་གསུམ་བོད་ནས་བྱུང་བ་དེ་དུས་ནམ་ཡང་བརྗེད་རྒྱུ་མེད་སྐོར། ནང་པའི་ཆོས་དེ་འཛམ་གླིང་ཡོངས་ཀྱི་ཁྱད་ནོར་ཡིན་པས། ནང་ཆོས་སློབ་གཉེར་དགོས་སྐོར་དང་། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་སོགས་བཀའ་སློབ་གནང་ཡོད་པ་རེད།

བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཨ་རབ་ཀྱི་ཡུལ་གྲུ་ཁག་གི་ནང་དཔྱིད་ཀའི་གསར་བརྗེ་ཆེན་མོ་བྱུང་སྟབས་ལི་བྷི་ཡ་དང་ཨི་ཇིབ་ཀྲི་ ཏུ་ནི་ཤི་ཡ་སོཌ་ཡུལ་གྲུ་ཁག་གི་སྒེར་གཅོད་དབང་འཛིན་པའི་གཞུང་འཛིན་གཏོར་ལོག་དང་འབར་མའི་མང་གཙོའི་དབུ་ཁྲིད་ལྕམ་ཨང་སང་སུ་ཅི་མཆོག་བཟང་བཙོན་འོག་ནས་གློད་བཀྲོལ་ཐོབ་སྐོར་སོཌ་ལོ་རྒྱུས་དྲངས་ནས་ད་ཆ་ང་ཚོའི་དུས་ཚོད་ཡིན་ལུཌ་གང་ལྟར་བོད་ཀྱི་གནད་དོན་སེལ་ལ་ཉེ་བའི་རེ་བ་ཆེན་པོ་ཡོད་སྐོར། ད་ཐེངས་འདིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་མཉམ་འཛོམས་ཐུབ་པ་དེས་པེ་ཅིང་ལ་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།

kny5134དེ་བཞིན་ཚོགས་ཐོག་ཏུ་ཡུ་རོབ་ཁུལ་ནས་སིད་སུ་དང་། འཇར་མི་ནེ། ཧྤ་རན་སི། པོ་ལན་ཊི། ནོོར་ཝེ། ཨེ་ཊ་ལེ། ཌེན་མག ཨོ་སི་ཊི་རི་ཡ་སོགས་ནས་ཚོགས་ཞུགས་པ་མཉམ་ཞུགས་བྱས་ཡོད་པ་རེད།

ལས་འགུལ་དེ་ནི་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བོད་མི་རྣམས་སེམས་ཚབས་ཆེན་པོ་ཡོད་སྟབས། ཡུ་རོབ་ཁུལ་དུ་ཡོད་པའི་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་མཉམ་འབྲེལ་སྒོ་ནས་ཡོ་རོབ་མཐུན་ཚོགས་ཀྱིས་བོད་དོན་སྐོར་རྒྱ་ནག་གཞུང་ལ་གླེང་སློང་དགོས་པ་དང་། བོད་ནང་གི་དངོས་བདེན་གནས་ཚུལ་འཚོལ་གྲུབ་ཆེད་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་བོད་ནང་གཏོང་དགོས་པ། ཡོ་རོབ་མཐུན་ཚོགས་ཀྱིས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་དགོས་པའི་འབོད་སྐུལ་གནང་རྒྱུ། རྒྱལ་ཁབ་སོ་སོའི་ནང་དུ་སྡོད་མཁན་ཚོས་གཞུང་ལ་བོད་དོན་རྒྱབ་སྐྱོར་དགོས་པའི་སྙན་ཞུ་ཕུལ་རྒྱུ་སོགས་ཐག་གཅོད་བྱུང་ཡོད་པ་རེད།།