སྨན་རྩིས་ཁང་དུ་ཁ་ལོ་བའི་ས་མིག་གསལ་བསྒྲགས།

༄༅།    བོད་ཀྱི་སྨན་རྩིས་ཁང་གི་ཁྱབ་ཁོངས་གཤམ་གསལ་ཡན་ལག་གཉིས་ཀྱི་ཁ་ལོ་བའི་ས་མིག་ཏུ་ལས་བྱེད་གསར་འདེམས་ཞུ་རྒྱུ་ཡིན་ན། འཛུལ་ཞུགས་བྱ་བློ་ཡོད་རིགས་རྣམས་ནས་༢༠༡༢ ཟླ་༧ ཚེས་༥ འགྱངས་མེད་དབུས་སྨན་རྩིས་ཁང་འཛིན་སྐྱོང་ཡིག་ཚང་ལ་འཚང་སྙན་འབུལ་དགོས།

ཀ༽    ༡ ལྡི་ལི་ནེ་འཛམ་མུ་ལྡིན་ཡན་ལག་སྨན་ཁང༌། ༢ མོམ་སྦེ་ཡན་ལག་སྨན་ཁང༌།
ཁ༽    ལས་རིགས་ཆ་རྐྱེན།
སྣུམ་འཁོར་ཆེ་ཆུང་གང་ཡང་རུང་བ་གཏོང་ཆོག་པའི་ལག་འཁྱེར་ཡོད་པ། དེ་ཡང་སྤྱི་སྤྱོད་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་ transport license དགོས། དྭང་ཟུར་གང་དག་སྣུམ་འཁོར་གཏོང་རྒྱུ་དང༌། བཟོ་བཅོས་ལས་རིགས་ཀྱི་ལག་ཁྱེར་ཡོད་པར་དམིགས་བསལ་དགོངས་བཞེས་བྱ་རྒྱུ།
ག༽    གཞི་རྩའི་ཆ་རྐྱེན།
༡། རང་རིགས་རང་ལོ་ ༡༨ ཡན་དང་༤༥ མན་ཡིན་པ།
༢། བཙན་བྱོལ་བོད་མིའི་དང་བླང་དཔྱ་ཁྲལ་དུས་ཐོག་ཕུལ་བའི་ལག་དེབ་ཡོད་པ།
༣། གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ RCཡོད་པ།
༤། ཁྲིམས་ཁང་སོགས་ནས་ནག་ཉེས་ཕོག་པ་མ་ཡིན་པ།
༥། བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
༦། ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་ངོས་འཛིན་བྱས་པ་མ་ཡིན་པ།
༧། བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང་གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།
༨། གོང་གསལ་ཆ་རྐྱེན་དོན་གནད་ཁག་འཐུས་ཚང་ཡོད་པའི་ཁུངས་སྐྱེལ་ཆེད་ས་གནས་འགོ་འཛིན་ནམ་བདེ་དོན་རང་བདེན་ཚོགས་ཆུང་གང་རུང་གི་ངོས་སྦྱོར་ངོ་མ་དང༌། བོད་སྨན་དང་ཕྱི་ལུགས་སྨན་པ་ཚད་ལྡན་གྱིས་བརྟག་དཔྱད་ངོས་སྦྱོར་ངོ་མ་མཉམ་སྦྱར་དགོས། ལག་དེབ་དང་ལག་འཁྱེར་སོགས་ཀྱི་ངོ་བཤུས་སྟེང་ས་གནས་བདེ་དོན་ནམ་འགོ་འཛིན་སོགས་ནས་དག་མཆན་ངེས་པར་ཞུ་དགོས།
ང་༽    སྒྲིག་གསལ་ཐོབ་ཐང་ཁག
ལས་བྱེད་གནས་རིམ་༩པར་བསྐོ་བཞག་བྱ་རྒྱུ། ཕོགས་ཐོབ་ཟླ་རེར་སྒོར་ ༡༡༣༣༧་༦༡ དང༌། གཞན་པའི་ཐོབ་ཐང་ཁག་གཅིག་མཚུངས་ཡིན།
ཅ༽    རྒྱུགས་བཞེས་སྐོར།
རྒྱུགས་སྤྲོད་ཆེད་དབུས་སྨན་རྩིས་ཁང་དུ་ཕེབས་དགོས། འཚང་སྙན་འབྱོར་རིམ་བཞིན་ལག་འཁྱེར་དང་ཡིག་ཆ་ཁག་ལ་ཞིབ་འཇུག་རྗེས་རྒྱུགས་སྤྲོད་ཀྱི་ཚེས་གྲངས་ཐད་དོ་བདག་སོ་སོར་འབྲེལ་བ་བྱ་རྒྱུ་ཡིན་ན། འཚང་སྙན་འབུལ་མི་རྣམས་ནས་རང་རང་སོ་སོའི་སྡོད་གནས་ཞལ་བྱང་དང༌། གློག་འཕྲིན་ e-mail IDངོ་རྟགས་དང༌། ཁ་པར་ཨང༌། ལག་ཐོག་ཁ་པར་ Mobile numberསོགས་ཀྱི་ཨང་གྲངས་ངེས་པར་གནང་དགོས།
དྲུང་ཆེ།