སྦེལ་རྗམ་དུ་དྲུག་བཞིའི་དོན་རྐྱེན་རྗེས་དྲན།

beljium_23_5_2012

ཕྱི་ཟླ་༦ ཚེས་༢ ཉིན་བྷེལ་རྗམ་ས་གནས་གཞོན་ནུ་དང་ས་གནས་ཆུ་བཞི་སྒང་དྲུག བོད་རྒྱ་མཛའ་འབྲེལ་ཚོགས་གསུམ་མཉམ་འབྲེལ་ཐོག བྷེལ་རྗམ་གྱི་རྒྱལ་ས་སྦར་སར་གྱི་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་མི་ཚོགས་འདུ་འཛོམས་ཆེ་བའི་ས་གནས་སུ་བོད་མི་དང་།

beljium_23_5_2012བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་ཙམ་འདུ་འཛོམས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་༢༣འཁོར་བར་དྲན་གསོ་དང་། གཞིས་ལུས་བོད་མིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་གནས་སྟངས་ངོ་སྤྲོད་ལས་འགུལ་ཞིག་སྤེལ་གནང་སོང་།

ལས་འགུལ་ཐོག་ས་གནས་གཞོན་ནུ་ཚོགས་པའི་འཐུས་མིས་བོད་ནང་གི་ཛ་དྲག་གནས་ཚུལ་ངོ་སྤྲོད་དང་། རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ནི་རྒྱ་ནག་གི་མང་གཙོའི་ལས་གལ་ཆེན་ཞིག་ཡིན་པར་བརྟེན། རྒྱ་བོད་མི་རིགས་གཉིས་མཉམ་འབྲེལ་གྱིས་རྒྱ་ནག་གི་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་མེད་པ་བཟོ་དགོས་པའི་སྐོར་སོགས་ལ་གཏམ་བཤད་གནང་སོང་། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་རང་གི་མྱོང་བ་དངོས་ཀྱི་ཐོག་ནས་བོད་ནང་གི་བོད་མི་ཚོར་དཀའ་སྡུག་གང་འདྲ་ཡོད་པ་སོགས་ངོ་སྤྲོད་དང་། ཡིག་ཆ་༦༠༠ལྷག་ཙམ་འགྲེམས་སྤེལ་གནང་སོང་། །

གནས་ཚུལ་མཁོ་གཏོང་བ་བྷེལ་ཇམ་ནས་བྱམས་པ་བསོད་ནམས་ཀྱིས།