དཔེ་དེབ་གསལ་བསྒྲགས།

choksheཉེ་བའི་ཆར་སྤྲུལ་སྐུ་ཨོ་རྒྱན་ཉི་མས་རྒྱལ་ཁབ་རིག་པས་བསྐོར་བའི་གཏམ་དང་པོ།ཤཱཀྱ་ཐུབ་པའི་རྩ་ཁྲིམས། <<ཆོག་ཤེས་>>ཞེས་པའི་དཔེ་དེབ་ཅིག་བརྩམས་ནས་པར་སྐྲུན་བྱས་ཡོད་པ་དང།ཁོང་གིས་དེབ་དེ་འབྲི་དགོས་པའི་དམིགས་ཡུལ་གཙོ་བོ་དེ།

སྐྱེ་འགྲོའི་བདེ་སྐྱིད་ཀྱི་རྩ་བ་ཆོག་ཤེས་ལ་ཐུག་ཡོད་པ་དང།ཆོག་ཤེས་མེད་པའི་གང་ཟག་མཐོ་དམན་སུ་འདྲ་ཞིག་ཡིན་རུང་སེམས་ཁོང་ན་བདེ་བ་མེད་ངེས་སུ་རྟོགས་པའི་རྒྱུ་མཚན་དུ་མ་དང་འབྲེལ་དམ་པའི་ཆོས་ཀྱི་འབྱུང་ཁུངས།དམ་པའི་ཆོས་ཀྱི་དགེ་མཚན།དེང་སང་གི་འཚོ་བ་གསར་པའི་སྐྱོན་དང།ཆོག་ཤེས་མེད་པའི་སྐྱ་སེར་གཉིས་ཀའི་བྱས་ཉེས་དག་ཁོང་གི་ཐུགས་ལ་གང་ཤར་བ་དེ་དག་བཀོད་པ་ཞིག་རེད་འདུག་ལ།འཇིག་རྟེན་འདིར་ཆོས་ལུགས་དུ་མ་ཞིག་ཡོད་ནའང།མཉམ་མེད་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ལས་ཁྱད་དུ་འཕགས་པ་ཞིག་དང།ཕུལ་དུ་བྱུང་བ་ཞིག་མེད་པ་ཁོང་ལ་ཡིད་ཆེས་རྙེད་ནས།སངས་རྒྱས་ལ་དྲིན་ལན་གསབ་པའི་ཆེད་དུ་བྲིས་པ་ཡིན་ཞེས་ཁོང་གི་སྔོན་འགྲོའི་གཏམ་དུ་གསུངས་འདུག

chokshe1དེབ་དེར་ལེ་ཚན་ཆེན་པོ་ཉི་ཤུ་རྩ་གཅིག་དང། བསྡོམས་ཤོག་གྲངས་༣༦༠ ཙམ་ཡོད་པ་རེད། བརྗོད་དོན་དེ་དག་ཀྱང་བོད་དང། རྒྱ་ནག བལ་ཡུལ། རྒྱ་གར། ཐེ་ཝན། སིང་གཱ་པུར། ཧོང་ཀོང། ཐེ་ལན་ཌི། ཨོའོ་སི་ཊི་རེ་ལི་ཡ། ཨིན་ཌའོ་ནེ་ཤི་ཡ། དབྱིན་ཡུལ་སོགས་སུ་མིག་མཐོང་ལག་ཟིན་བྱུང་བའི་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དག་གི་ཆེ་བ་དང། མགོ་སེར་ནག་གཉིས་ཀྱི་ཆོས་པ་རྣམ་དག་ཡིན་མིན་ཚང་མར་ཞིབ་འཇུག་བྱས་པའི་གྲུབ་དོན་གྱི་སྤྱིའི་རྣམ་པ་ཙམ་ཡིན་པར་བརྟེན། ཚང་མས་བསྟན་པ་ལ་དག་ཐེར་བྱེད་པར་ཤུགས་སྣོན་རྒྱག་དགོས་པའང་ཁོང་གི་ཐུགས་རེ་ཉག་གཅིག་ཡིན་འདུག

དེབ་འདིའི་རྩོམ་པ་པོ་སྤྲུལ་སྐུ་ཨོ་རྒྱན་ཉི་མ་ནི། ཕྱི་ལོ་༡༩༧༦ ལོར་སྐྱེས་པ་དང། ཤུགས་སྒང་རྨ་སྤྲུལ་རིན་པོ་ཆེས་མི་ཉག་སྤྲུལ་སྐུའི་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་འཛིན་གནང། ཁོང་གིས་སྔ་རྗེས་གསེར་རྟ་བླ་རུང་ལྔ་རིག་ནང་དུ་སློབ་གླིང་དང། དཔལ་ཡུལ་བཤད་གྲྭ་གཉིས་སུ་ལོ་བདུན་སློབ་སྦྱོང་དང། བཙན་བྱོལ་དུ་ཕེབས་ནས་སྔ་འགྱུར་རྙིང་པ་པའི་དགོན་ཆེན་རྣམ་གྲོལ་གླིང་གི་བཤད་གྲྭར་ཞུགས་ནས་བསླབ་པ་མཐར་སོན་གྱིས་རིམ་བཞིན་སློབ་དཔོན་དང་མཁན་པོའི་ཕྱག་ཁྱེར་བཞེས། དུས་ཡུན་དེ་དག་གི་རིང་རིག་མཛོད་རྩོམ་སྒྲིག་པ་དང། དུས་དེབ་པདྨའི་རང་མདངས། སྔ་འགྱུར་སྨོན་ལམ་དྲན་དེབ། ཟངས་མདོག་དཔལ་རིའི་ལོ་རྒྱུས་སོགས་རྩོམ་སྒྲིག་གི་ཕྱག་ལས་གནང་ཡོད་པ་དང། ད་ལྟའི་ཆར་ཁོང་དབྱིན་ཡུལ་དུ་བཞུགས་ཡོད་པ་རེད།

དེབ་འདི་ཐུགས་མཁོ་མཆིས་རིགས་ཀྱིས་གཤམ་གསལ་ཁ་བྱང་ཁག་གི་ཐོག་འབྲེལ་བ་གནང་རོགས་ཀྱང་ཞུ་བཞིན་ཡོད།

 

Web: www.buddhismeditor.org

Email: buddhismeditor@gmail.com

Email: tulkuogyen@gmail.com