ཀ་མགུར་སེམས་ཀྱི་རྟོགས་འགྱུ།
ཀ་བ་གསུམ་གྱི་དམང་གཙོ་གལ་ཆེ་ན།
ཁ་ཞེ་མེད་པར་རང་ཕྱོགས་རྒྱབ་དོར་ནས།
ག་ལེར་བོད་ཀྱི་རྩ་དོན་ཆེད་འབད་ནས།
ང་ཁྱོད་ཆོལ་ཁ་གྲུབ་མཐའི་ཕྱོགས་ཞེན་སྤོང་།
ཅ་ཅོས་འདུ་འཛི་ཆེ་བས་རྡ་ས་རུ།
ཆ་ལུག་ཡ་མ་ཟུང་གི་སྤྱོད་པ་ཅན།
ཇ་ཁང་སོགས་སུ་རྒྱུན་དུ་འཁྱམས་ནས་འདུག།
ཉ་ཤ་བྱ་ཤ་གླང་ཤ་ཟས་སུ་རོལ།
ཏྭ་ལའི་བླ་མའི་གསུངས་ལ་ཟུར་ཟ་བྱེད།
ཐ་སྙད་རིགས་པའི་ཕྱོགས་ལ་སྦྱང་བ་བྲལ།
ད་དུང་སྟོན་པའི་ཆོས་ལ་སྐུར་འདེབས་མཁན།
ན་ནང་ད་ལོ་ཇེ་མང་ཇེ་མང་རེད།
པ་རི་པི་རིའི་ངང་ནས་གཞན་སྐད་སྦྱང་།
ཕ་གཞིས་རྒྱབ་ཏུ་བསྐྱུར་ནས་ལོ་མང་སོང་།
བ་གླང་ལྷ་རུ་བསྟེན་པའི་ཡུལ་ལུང་འདིའི།
མ་དངུལ་རྫོགས་ནས་མ་ཆེན་ལས་ཀ་བཙལ།
ཙ་རི་ལྟ་བའི་གནས་མཆོག་རྡ་ས་འདིར།
ཚ་བ་ལོ་རི་བཞིན་དུ་ཇེ་ཆེ་རེད།
ཛ་དྲག་ལས་འགུལ་ལོ་རེར་ཇེ་ཉུང་རེད།
ཝ་སྐྱེས་སང་ལྤགས་གྱོན་པ་འུ་ཚོའི་གཤིས།
ཞ་བོ་ཅི་བཞིན་རྩ་དོན་རྩོད་མཁན་ཉུང་།
ཟ་མའི་དོན་དུ་བརྩོད་པ་བྱེད་མཁན་མང་།
འ་ཆད་འུ་ཐུག་བོད་ཀྱི་གནད་དོན་ཏེ།
ཡ་ངའི་གནས་སུ་ཡོད་པ་གཟིགས་ལགས་སམ།
ར་གན་གསེར་བརྫུས་ལྟ་བའི་ཆབ་སྲིད་པས།
ལ་མོར་རང་བཙན་རག་རྒྱུ་ཁག་པོ་རེད།
ཤ་མཁོན་མེད་པའི་བོད་ཀྱི་རྩ་དོན་དེ།
ས་སྟེང་འདི་ནས་ག་ལེར་ཡལ་རྒྱུ་རེད།
ཧ་ཅང་ལྷག་བསམ་དཀར་བའི་དཔའ་བོ་དག།
ཧ་ལམ་ཉིན་རེ་རང་ལས་མེ་རུ་སྦར།
ཨ་སྔོན་དབྱིངས་རིམ་དུ་བས་བསྒྲིབས་ན་ཡང་།
ཨ་ཁ་རི་སུལ་འདི་ན་ཁུ་སིམ་སིམ།
༢༠༡༢་༦་༢༢་ལ་སྤྲེལ་ལོ་བས།