ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་དུས་དྲན།

amnye1དེ་རིང་ཞོག་པར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་ཞིབ་འཇུག་ཁང་དབུ་བརྙེས་ནས་ལོ་ངོ་༢༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན། “བོད་ལྗོངས་བསྟན་དམག་གི་རྩ་ཁྲིམས་བཀྲ་ཤིས་གཟི་ལྡན་”ཞེས་པའི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༨ ཉིན་གྱི་ཉིན་གུང་ཆུ་ཚོད་༡༢ ཀྱི་ཐོག དྷ་སའི་མེག་གྷན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་ལས་ཁུངས་ནང་དུ། amnye2ཨ་མྱེས་རྨ་ཆེན་བོད་ཀྱི་རིག་ཞིབ་འཇུག་ཁང་དབུ་བརྙེས་ནས་ལོ་ངོ་༢༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། དུས་དྲན་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་ཚོེགས་པ་དེའི་འགན་འཛིན་ཟུར་པ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་དང་། འགན་འཛིན་ཟུར་པ་ལྷ་བཟང་ཚེ་རིང་ དང་། བོད་དོན་རྒྱབ་སྐྱོར་བ་ཨ་རིའི་སྐུ་ཞབས་པད་བཀྲ་མཆོག གཞན་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་ཁག་ཅིག་དང་། ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་མཉམ་འཛོམས་བྱས་འདུག

མཛད་སྒོའི་ཐོག་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་གིས་དུས་དྲན་དང་འབྲེལ་གསུངས་བཤད་གནང་དོན། “ཚོགས་པ་ཞིག་ཡིན་ཚེ་འཛིན་སྐྱོང་གལ་ཆེན་པོ་ཡིན་པས། ལྷག་བསམ་དང་སེམས་ཤུགས་གིས་འདང་ན་ཡང་། འཛིན་སྐྱོང་གི་ཉམས་མྱོང་དང་ཤེས་ཚད་མེད་པའི་རྐྱེན་གྱིས། དེ་རིང་འདི་ནས་ལས་སྡོམ་རྒྱ་ཆེན་པོ་དེ་འདྲ་ཞུ་རྒྱུ་མེད་ན་ཡང་། ད་ལྟའི་བར་དུ་དེབ་༢༣ པར་བསྐྲུན་བྱས་ཚར་ཡོད། དེབ་༤ ད་དུང་པར་བསྐྲུན་བྱ་རྒྱུ་ལྷག་ཡོད། ལོ་མང་པོའི་སྔོན་ནས་སྐུ་ཞབས་འཕྲིན་ལས་ལགས་སུ་འཛིན་སྐྱོང་གི་འགན་འཛིན་གནང་རོགས་ཞེས་རེ་བ་བྱས་པ་ལྟར། ཉེ་ཆར་ཁོང་གིས་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་”ཞེས་གསུངས་སོང་།

amnye3དེ་རྗེས་སྐུ་མགྲོན་གཙོ་རྩོམ་པ་པོ་འཇམ་དབྱངས་ནོར་བུས། ༡༩༥༨ ལོར་པར་བསྐྲུན་བྱས་པའི་<<བོད་ལྗོངས་བསྟན་དམག་གི་རྩ་ཁྲིམས་བཀྲ་ཤིས་གཟི་ལྡན་>>ཞེས་པ་འགྲེམས་སྟོན་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་སོང་ལ། དེ་བཞིན་དུ་སྐུ་ཞབས་ལྷ་བཟང་ཚེ་རིང་གིས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་དང་འབྲེལ་བའི་པར་རྙིང་ཁག་ཅིག་འགྲེམས་སྟོན་དབུ་འབྱེད་དང་། བོད་དོན་རྒྱབ་སྐྱོར་བ་ཨ་རིའི་སྐུ་ཞབས་པད་བཀྲས་<<བཀའ་གཙིགས་དང་རྡོ་རིང་གི་ཡི་གེ་>>ཞེས་པའི་ཕྱག་དཔེ་དབུ་འབྱེད་དང་གསུང་བཤད་ཀྱང་གནང་སོང་།