འཁྲུངས་སྐར་ལ་གུས་བསུའི་འཚམས་འཕྲིན།
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་༧༨ དང་། ཕྱི་ལུགས་དགུང་གྲངས་༧༧ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར།
དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་སྤྱིས་དབུས་པའི་དགེ་སློབ་ཡོངས་ཀྱིས་དད་གུས་གཡོ་བ་མེད་པས་ལུས་ཀྱིས་འཁྲི་ཤིང་ས་ལ་ཕབ་སྟེ་ལྷ་ཕྱག་སྔོན་དུ་བཏང་བའི་སྒོ་ནས་བཀའ་དྲིན་རྗེས་དྲན་གྱིས་འཚམས་འདྲི་ཞུ་བ་དང་བཅས། མགོན་པོ་མཆོག་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་གངས་ཅན་པའི་མགོན་དཔུང་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་ཞུ་རྒྱུ་མ་ཟད། རྒྱུན་ལྡན་དུ་སྐུའི་འཁྲུངས་སྐར་ཉིན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་ཞབས་བརྟན་གསོལ་འདེབས་དང་། རྟེན་འབྲེལ་མཛད་སྒོ་ཟབ་རྒྱས་ཞུས་དང་ཞུ་བཞིན་ཡོད་ནའང་འདི་ལོར་སྔར་ལས་ལྷག་པའི་མཛད་སྒོ་སྲུང་རྩི་ཞུ་རྒྱུ་བཅས།
གུས་སྐྱབས་འོག་པ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གྲྭ་ནས་༢༠༡༢།༠༦།༢༠ ལ།།