ཀླུ་སྒྲུབ་དགོངས་རྒྱན།
ཀླུ་སྒྲུབ་དགོངས་རྒྱན་ལས།
།གྲོགས་པོར་མཚན་མར་ཞེན་པའི་བདེན་འཛིན་དང་། གྲོགས་ཀྱིས་ཕན་པར་རྟོགས་པའི་ཚད་མ་གཉིས། སྲེད་པ་བསྐྱེད་ལ་ཁྱད་པར་ཅི་ཡང་མེད། །
དགྲ་བོ་བདེན་པར་ཞེན་པའི་དངོས་འཛིན་དང་། དགྲ་ཡིས་གནོད་པར་ངེས་པའི་ཚད་མ་གཉིས། ཞེ་སྡང་བསྐྱེད་ལ་ཁྱད་པར་ཅི་ཡང་མེད།
ཞེས་པའི་ཚིག་རྐང་དྲུག་པོ་དེས་རིག་པའི་མགོ་མཚུངས་ཀྱིས་རིག་ལམ་ག་རེ་སྒྲུབ་ཀྱིན་འདུག། དགག་གཞག་སྔ་རྒོལ་གྱི་དམ་བཅའ་གང་ཡིན་ནམ། བཀག་པའི་ཚིག་གི་རྣོལ་ངར་དང་དགག་པས་ལེན་ཇི་ཙམ་སོང་འདུག་གམ། གཞུང་ལུགས་སྨྲ་བའི་བློ་གསལ་དྲྭ་གྲོགས་རྣམས་ཀྱིས་འདིའི་སྐོར་གླེང་མོ་ཞིག་གནང་ན་ནང་ཆོས་ལྟ་གྲུབ་ཀྱི་གནད་ལུགས་ལ་གོ་རྟོགས་ཅུང་ཙམ་ཕན་རེ་ཡོད།