སྐུའི་འཁྲུངས་སྐར་ལ་འཚམས་འདྲི།

༄༅།། འཛམ་གླིང་ཆེ་དགུ་ཀུན་གྱི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་བསྟན་པའི་མངའ་བདག བདག་ཅག་བོད་འབངས་གཞིས་བྱེས་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་

མིག་མི་འཛུམ་པ་མི་ཡི་གར་དུ་རོལ་པ་༧གོང་ས་ལྷ་མིའི་རྣམ་འདྲེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོ་འདི་ལ། གཞིས་བྱེས་སྦྲ་སོག་འབྲི་གསུམ་མི་མང་སྤྱི་མགྲིན་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་པ་དང། མགོན་པོ་གང་ཉིད་མ་འོངས་པར་བསྟན་འགྲོའི་མགོན་དང་སྐྱབས་གནས་དམ་པར་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་སྨོན་ལམ་རྩེ་གཅིག་ཏུ་ཞུ་རྒྱུ་བཅས།

མདོ་ཁམས་སྦྲ་སོག་འབྲི་གསུམ་སྐྱིད་སྡུག་ནས་ཕུལ།

Email: drasogdrisum@yahoo.com