སྐུའི་འཁྲུངས་སྐར་ལ་འཚམས་འདྲི།
འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དོན་བདུན་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར། དད་གུས་གཡོ་མེད་ཀྱི་ལྷ་ཕྱག་སྔོན་དུ་བཏང་བའི་སྒོ་ནས་བཀའ་དྲིན་རྗེས་དྲན་གྱིས་
འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་༧མགོན་པོ་མཆོག་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་གངས་ཅན་པའི་མགོན་དཔུང་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་ཐ་དག་ལྷུན་གྱིས་འགྲུབ་ནས་རང་ཡུལ་ཁ་བའི་ལྗོངས་ལ་མགྱོགས་ནས་མྱུར་དུ་ཞབས་སོར་འཁོད་ཐུབ་པའི་གསོལ་བ་སྨོན་ལམ་ཡང་ཡང་འདེབས།།
ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ནས།