༼ལམ་བར༽

ལྗང་མདོག་ལ་བ་གྱོན་པའི་རི་ལུང་གི་དཀྱིལ་ན།།

འཛུམ་དྲུག་གངས་དཀར་ལྷ་མོའི་ཟུར་མིག་གི་དབུས་ན།།

སྣ་ཚོགས་མི་རིགས་འཛོམས་པའི་འཁྲོམ་གཞུང་གི་བར་ན།།

བྱང་ཐང་གླུ་སྐད་འཁོར་བའི་གྲགས་ཆ་ཡི་གཟི་སོང་།

རྫ་ཆུ་གངས་ཆུ་བབས་པའི་གཙང་པོ་ཡི་གཞུང་ན།།

ངང་པ་སེར་པོ་ཚོགས་པའི་ལྷ་བྱ་ཡི་དཀྱིལ་ན།།

ཕྱིར་དྲན་ཡིད་ལ་དུངས་པའི་རྩྭ་ཐང་གི་མཛེས་སྡུག།།

ས་མཐའི་འཁྱམ་པོ་བུ་ཡི་ན་ཟུག་གི་ལམ་ནས།།

ལམ་བར་དྲན་ཤེས་དབང་པོའི་གཟི་ཁ་འདི་རྣོ་བ།།