བལ་ཡུལ་ནོར་གླིང་ཟ་ཁང་དང་མགྲོན་ཁང་།
འདི་ག་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་ཡོད་པའི་ནོར་གླིང་ཟ་ཁང་དང་མགྲོན་ཁང་ཐོག་བརྩེགས་བཞི་ལྡན་དང་། ཟ་ཁང་ཐོག་བརྩེགས་གཉིས་པར་ཡོད་ཅིང་། དེའི་ཐོག་ཏུ་མགྲོན་ཁང་བཅས་སྟབས་བདེའི་མཐུན་རྐྱེན་བསྐྲུན་ཡོད་པས། འདིར་ཕེབས་འདོད་ཡོད་པའི་སྐུ་མགྲོན་རྣམས་ཀྱིས་ཐུགས་སྣང་གནང་རྒྱུར།
༡ ཟ་ཁང་ནང་དུ་མི་༡༠༨ ཤོང་བའི་ས་ཁྱོན་ཡོད་པ་མ་ཟད། ཟ་མར་བོད་ཟས་ཀྱི་ཁྱད་ཆོས་ལྡན་གྱི་ཡོད་པའི་ཐོག ཟ་ཁང་གི་སྒྲིག་ཆས་རྣམས་སྤུས་ལེགས་དང་བཀོད་གཙང་ཡང་ཡིན།
༢ ཟ་མའི་ཁམས་གཙང་ཞིང་བྲོ་བ་ལྡན་པ་དང་། རིན་གོང་བདེ་བ་བཅས་ཡིན་པ་མ་ཟད། སྐུ་མགྲོན་ཚོས་ཐུགས་འདོད་ལྟར་སྔོ་ཚལ་གྱི་རིགས་དང་། ཤ་ཚལ་གྱི་རིགས། དེ་བཞིན་ཆང་སོགས་བཏུང་རྒྱུའི་རིགས་དུས་ཐོག་ཏུ་མངགས་ཉོ་ཡང་བྱེད་ཆོག
༣ ད་དུང་སྐུ་མགྲོན་རྣམ་པར་དགོས་ངེས་ཀྱི་ཆ་རྐྱེན་གཞན་ཞིག་བསྐྲུན་ཡོད་པ་ནི། ཆང་ས་དང་། སྐྱེས་སྐར། དེ་བཞིན་ནང་མི་དང་གྲོགས་པོ་སོགས་མཉམ་འཛོམས་ཀྱི་སྐབས་སུ་ཟ་ཁང་འདི་དུས་ཚོད་ངེས་མེད་ཀྱིས་གཡར་ཆོག་གི་ཡོད་པ་མ་ཟད། ཟ་ཁང་གི་ནང་ཆས་དང་ཞབས་ཞུ་བ་མ་བྱན་སོགས་ཀྱི་མཐུན་རྐྱེན་ཡང་རང་འགྲིག་ཡིན།
༤ སྐུ་མགྲོན་རྣམ་པའི་ཐུགས་རེ་ལྟར་ཟ་ཁང་གི་ཁོར་ཡུག་གུ་ཡངས་ཤིང་། རྣམ་པ་མཛེས་པ་དང་། རིན་མེད་ཐོག་སྐུད་མེད་དྲ་ལམ<<wi-fi>>ཞེས་པའི་ལམ་ནས། བརྙན་འཕྲིན་ནང་དུ་བོད་གཞས་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་གཞས་སྣ་ཁག་སོ་སོའི་འདོད་པ་ལྟར་གསན་གཟིགས་གནང་ཆོག
༥ མགྲོན་ཁང་གི་སྣེ་ལེན་དང་ཞབས་ཞུ་ཚད་ལྡན་ཡོད་པ་མ་ཟད། བདུན་ཕྲག་གཅིག་ལྷག་བཞུགས་འདོད་ཡོད་པའི་སྐུ་མགྲོན་རྣམས་པར་རིན་གོང་ཕྱེད་ཆག་དང་། ཁང་མིག་གཅིག་གི་ནང་དུ་མི་གསུམ་བཞི་མཉམ་དུ་འདུག་དགོས་ཡོད་རིགས་ལ་ཉལ་ཆས་དང་། བརྙན་འཕྲིན་སོགས་དགོས་ངེས་ཀྱི་མཐུན་རྐྱེན་གོ་སྒྲིག་ཞུ་རྒྱུ་ཡིན། ཁྲུས་ཁང་དུ་ཆུ་ཚ་པོ་དང་། གསང་སྤྱོད་སོགས་ཀྱི་མཐུན་རྐྱེན་སྤུས་ལེགས་ཡོད།
Boudha-6,Phulari Chok,Kathmandu,Nepal
Contac No: 977-9813344119/9721262188