དབྱར་གྱི་ལང་ཚོ།།
ཆུ་འཛིན་ཀུན་གསལ་ངོས་ལ་སྒྱུར།།
དབྱར་གྱི་རྔ་སྒྲ་རྡིར་རི་རི།།
ལུས་ཕྲ་བདེ་འཐུང་གར་ལ་རོལ།།
སྤྲིན་གྱི་མེ་ཏོག་སིམ་སིམ་འབབ།།
དབྱར་གྱི་མགྲོན་པོས་གླུ་དབྱངས་ལེན།།
མིག་གི་གཉེན་རྣམས་འཛུམ་མདངས་རྒྱས།།
ནོར་འཛིན་བུ་མོས་མཛེས་སྡུག་ངོམ།།
ཨེ་མ་ཆར་ལྡན་རབ་ཏུ་དཔལ།།