སྤེལ་རྗམ་བོད་རིགས་ཚོགས་པའི་རྩིས་ཁྲ་རྩིས་ལེན།

ཟླ་༧པའི་ཚེས་༡༤ སྟེ་རེས་གཟའ་སྤེན་པའི་ཉིན་རྒྱབ། སྤེལ་རྗམ་བོད་རིགས་འདུས་སྡོད་ཆེ་ཤོས་ཀྱི་གྲོང་ཁྱེར་ཨན་ཁྲིར་ཝར་ཕན་དུ། བོད་རིགས་ཚོགས་པ་སྐབས་ལྔ་པ་དང་སྐབས་དྲུག་པའི་རྒྱུན་ལས་ཚང་འཛོམས་ཐོག་རྩིས་ཁྲ་རྩིས་ལེན་གནང་ཡོད་པ་རེད།

labrang_tashiབོད་ཚོགས་སྐབས་ལྔ་པའི་ངོས་ནས་ཐབ་ཚང་གི་ཅ་དངོས་རིགས་དང་།  བོད་མདོ་དབུས་ཁམས་གསུམ་གྱི་ཟློས་གར་འཁྲབ་ཆས་རིགས། བོད་ཀྱི་རྒྱལ་དར་གཙོས་སྤེལ་རྗམ་དང་ཡུ་རོབ་མནའ་འབྲེལ་གྱི་དར་ཆ་ཆེ་འབྲིང་ཆུང་གསུམ་བརྒྱ་ལྷག་དང་།  སྐུད་མེད་དང་སྐུད་ཡོད་བཤད་སྦུད་ཆེ་ཆུང་།  རྒྱང་གྲགས་ཆེ་ཆུང་གཙོས་གློག་ཆས་རིགས་བཅས་རྩིས་སྤྲོད་གནང་བ་དང་། ལྷག་པར་ཏུ་རྒྱུན་ལས་སྐབས་ལྔ་པའི་རིང་མ་དངུལ་བྱུང་སོང་གི་རྩིས་ཁྲ་དེ་སྤེལ་རྗམ་བོད་རིགས་ཚོགས་པ་སྐབས་སྔོན་མ་ཚོ་ལས་ལྡབ་བཅུ་ཕྲག་གིས་ཆེ་རུ་འཕར་ཡོད་འདུག་ལ།  སྤེལ་རྗམ་བོད་རིགས་ཚོགས་པ་སྐབས་བཞི་པའི་ངོས་ནས་ཡུ་སྒོར་༢༠༢༣.༥༢ སྐབས་ལྔ་བར་རྩིས་སྤྲོད་བྱས་ཡོད་འདུག སྐབས་ལྔ་པའི་རིང་མ་དངུལ་བྱུང་བ་ཡུ་སྒོར་༡༠༢༢༥༢.༥༢ དང་འགྲོ་སོང་ཡུ་སྒོར་༨༦༠༢༥.༩༡། ལྷག་དངུལ་ཡུ་སྒོར་༡༦༢༢༦.༦༡བཅས་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁམས་དངས་སྐབས་དྲུག་པའི་རྒྱུན་ལས་གསར་པ་རྣམ་པར་གསལ་བཤད་དང་སྤྲགས་རྩིས་སྤྲོད་གནང་ཡོད་པ་རེད།  མཐར་རྒྱུན་ལས་ཚང་མས་རྩིས་ཁྲ་ཨ་མའི་ཤོག་བུ་སྟེང་མིང་རྟགས་བཀོད་དེ་རྩིས་ཁྲ་རྩིས་ལེན་བདེ་ལེགས་ངང་འགྲུབ་ཡོད་འདུག

གསར་འགྱུར་མཁོ་སྤྲོད་པ། ས་དཀར་བཀྲ་ཤིས།