གྱོན་ཆས་བཟོ་ཚོང་དྲ་རྒྱ་གསར་པ།
དྷ་སར་རྟེན་གཞི་བྱས་པའི་གནའ་དེང་བོད་ཀྱི་མཛེས་བཟོའི་གྱོན་ཆས་བཟོ་ཚོང་ཁང་གིས་དྲ་རྒྱ་གསར་བཟོ་བྱས་ཏེ། ཟླ་འདིའི་ཚེས་༡༥ ཉིན་སྒོ་འབྱེད་བྱས་ཡོད་པ་རེད།
བཟོ་ཚང་ཁང་དེས་བོད་མདོ་དབུས་ཁམས་གསུམ་གྱི་སྲོལ་རྒྱུན་གྱི་གྱོན་ཆས་སྣ་ཚོགས་དང་། དེང་དུས་དང་མཐུན་པའི་གྱོན་ཆས་སྣ་ཚོགས་བཟོ་བཞིན་ཡོད་པས། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་སོགས་ནས་གྱོན་ཆས་ག་འདྲ་དགོས་ནའང་མངགས་ཉོ་བྱེད་ཆོག་གི་ཡོད་པ་རེད།
བཟོ་ཚོང་ཁང་གི་དོ་བདག་ཕུལ་པུ་ཚེ་རིང་གིས་“བོད་མིའི་རིག་གཞུང་གི་ཆ་ཤས་སུ་གྱུར་བའི་སྲོལ་རྒྱུན་གྱི་གྱོན་གོས་བཟོ་རྩལ་རྨང་གཞིར་བྱས་ཏེ། དེང་རབས་དང་མཐུན་པར་བྱས་ཏེ་གསར་བཏོད་ཅུང་ཙམ་བྱ་ཐུབ་ན་སྙམ་པ་དང་། མ་འོངས་པར་བོད་ཀྱི་གཞོན་སྐྱེས་རེ་ཟུང་ལ་གནའ་དེང་ཟུང་འབྲེལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་བཟོ་རྩལ་སློབ་ཐུབ་ཀྱི་རེད་སྙམ་པས་ཡིན། དེ་ནི་བཟོ་ཚོང་ཁང་འདི་ལྟ་བུ་ཞིག་སྒོ་འབྱེད་བྱེད་བྱས་པ་ཡིན་ལ། མ་འོངས་པར་རྒྱ་ཆེ་ཙམ་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད་”ཅེས་གསུངས་སོང་།།
གནའ་དེང་བོད་ཀྱི་མཛེས་བཟོའི་གྱོན་ཆས་བཟོ་ཚོང་ཁང་གི་དྲ་རྒྱ། http://tibetanfashion.com/