དཔལ་ཡུལ་དགོན་པའི་གྲྭ་པ་གཉིས་འཛིན་བཟུང་།

photos news from tibet peyul 2012  7  16 1ཟླ་འདིའི་ཚེས་༡༤ ཉིན་ཁམས་དཀར་མཛེས་ཁུལ་དཔལ་ཡུལ་དགོན་པའི་གྲྭ་བཀྲ་ཤིས་དོན་འགྲུབ་དང་། སྐལ་བཟང་རྒྱ་མཚོ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་འདུག

དེ་ཡང་རྒྱ་གར་ལྷོ་ཕྱོགས་མོན་གྷོར་གནས་སྡོད་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ཟླ་༧ པའི་ཚེས་༡༤ ཉིན་དཔལ་ཡུལ་རྫོང་དཔལ་ཡུལ་བཤད་གྲྭའི་དགེ་འདུན་པ་དངོས་མིང་ལ་བཀྲ་ཤིས་དོན་འགྲུབ་དང་པུར་མིང་ལ་མེ་འོད་ཟེར་བ་ཞིག་དང་། གཞན་དངོས་མིང་ལ་སྐལ་བཟང་རྒྱ་མཚོ་དང་པུར་མིང་ལ་སྒོམ་སྐུལ་ཟེར་བ་གཉིས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་དེ་ད་ལྟ་གར་ཡོད་ཤེས་རྟོགས་ཐུབ་མེད་པ་དང་། གནས་ཚུལ་འགྲེལ་བརྗོད་པས། “ཁོང་གཉིས་ཀྱིས་རྒྱལ་ཁབ་ཀྱིས་ཁྲིམས་དང་འགལ་བའི་ལས་ཀ་གང་ཡང་བྱེད་མྱོང་མེད་ནའང་། གློ་བུར་དུ་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བ་རེད་”ཅེས་བརྗོད་འདུག

photos news from tibet peyul 2012  7  16 1

གྲྭ་བཀྲ་ཤིས་དོན་འགྲུབ་ལགས་ནི་གངས་རིའི་གནས་བབ་ཚོགས་པའི་ཚོགས་གཙོ་ཡིན་འདུག་པ་དང་། ཁོང་གི་ཕ་ཡུལ་ཆབ་མདོ་རི་བོ་ཆེ་ཟམ་ཁ་ཞང་ཡུལ་ཤོག་ནས་ཡིན་འདུག གྲྭ་སྐལ་བཟང་རྒྱ་མཚོ་ནི་གངས་རིའི་གནས་བབ་ཚོགས་པའི་ཚོགས་མི་གཙོ་བོ་ཞིག་དང་། ཁོང་གི་ཕ་ཡུལ་ནང་ཆེན་ནས་ཡིན་པ་རེད། photos news from tibet peyul 2012  7  16 2ཁོངགཉིས་ཀ་དཔལ་ཡུལ་བཤད་གྲྭའི་གྲྭ་པ་ཡིན་པ་མ་ཟད། ད་ལྟའི་ཆར་ཁོང་གཉིས་ཀ་བཤད་གྲྭའི་དགེ་རྒན་དང་འཛིན་གྲྭའི་སྐྱོར་དཔོན་ཡིན་འདུག

གྲྭ་བཀྲ་ཤིས་དོན་འགྲུབ་ནི་དགོན་པའི་དགེ་རྒན་ཡིན་སྟབས། སློབ་ཕྲུག་རྣམས་ཀྱིས་སེམས་ནང་ན་ཤིན་ཏུ་ནས་ཀྱང་བཟོད་མི་ཐུབ་པའི་དཀའ་ངལ་ཡོད་སྐོར་འགྲེལ་བརྗོད་བྱས་འདུག་ལ། དེ་བཞིན་དེ་སྔོན་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་ཁག་ལ་མནར་གཅོད་ཚབས་ཆེན་གཏོང་གི་ཡོད་པས། ནང་མི་ཚོར་ཡང་སེམས་ཚབས་ཆེན་པོ་ཡོད་པ་རེད་ཅེས་བརྗོད་འདུག

གཞན་ཡང་ད་ལྟའི་ཆར་ཆབ་མདོ་ས་ཕྱོགས་ཀྱི་དགོན་པ་རེ་རེའི་ནང་གྲྭ་པ་ཚོར་ལྟ་སྲུང་བྱེད་མཁན་དམག་མི་བརྒྱ་ལྷག་རེ་ཡོད་པ་དང་། རི་འགོ་སོགས་སུ་ཡོད་པའི་སྒོམ་ཁང་མཚམས་ཁང་སོགས་སུ་ཡང་རྒྱ་གཞུང་གི་དམག་མི་བཅུ་གྲངས་རེས་བསྲུང་ནས་བསྡད་ཡོད་པ་རེད། དེར་བརྟེན་དགོན་པའི་གྲྭ་པ་ཚོར་ཡང་རང་དབང་གང་ཡང་མེད་པའི་རྐྱེན་གྱིས་ཨུ་ཐུག་ཐབས་ཟད་དེ་དགོན་པའི་ནང་སྡོད་མི་ཐུབ་པར་ནང་དུ་སྡོད་དགོས་འབྱུང་གི་ཡོད་པ་རེད།། མོན་གྷོ་གསར་འགོད་པས།