ངན་པ་སུམ་འཛོམས་ཀྱི་དེ་རིང་།
མདང་དགོང་གི་རྨི་ལམ་ངན་སོང་།།
ཞོགས་པ་ཡི་གནམ་གཤིས་སྡུག་སོང་།།
ཉིན་མོ་ཡི་གསར་འགྱུར་སྐྱོ་སོང་།།
ལ་རྒྱ་ཡི་མེ་ལྕེ་དམར་པོས།།
འབྱུང་བཞི་ཡི་ཕུང་པོ་བཞུར་འདུག །
ཁ་བ་ཡི་འོད་མདངས་ཉམས་འདུག།
དེ་ལྟ་བུའི་གསར་འགྱུར་སྐྱོ་སོང་།།
མིག་ཟུང་ལ་མཆི་མས་གང་བཞིན།།
ལྷིང་འཇག་གི་མཆོད་མེ་རྐང་གཅིག།
མཆོག་གསུམ་གྱི་མདུན་དུ་ཕུལ་ནས།།
དག་ཞིང་དུ་དཔུང་རོགས་ཞུས་ཡོད།།