དུས་ཐོག་ཆར་པ་བསྐྱར་དུ་པར་སྐྲུན་བྱས་པའི་གསལ་བསྒྲགས།
གསེར་རྟ་བླ་རུང་ཆོས་སྒར་གྱི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་<<དགོན་པ་རྣམས་ཀྱིས་ངེས་པར་དུ་སློབ་གཉེར་ལ་དོ་དམ་བྱེད་དགོས་པའི་བསམ་ཚུལ་བརྗོད་པ་>>ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་བ།
མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཕབ་སྒྲིག་གནང་བའི་དཔེ་དེབ་<<དུས་ཐོག་ཆར་པ>>ཞེས་པ་རྒྱ་གར་ནང་ཚར་ཆིག་སྟོང་པར་སྐྲུན་བྱས་ཀྱང་རྡོར་གདན་དུས་དབང་སྐབས་བདུན་ཕྲག་གཅིག་ནང་འགྲེམས་ཚོང་ཟིན་པ་དང། བོད་ནང་དུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའང་བོད་ནང་དཔེ་དེབ་རྒྱུག་ཆེ་ཤོས་སུ་གྱུར་ཡོད་འདུག བཙན་བྱོལ་ནང་དེབ་དེ་དགོས་མཁོ་ཆེན་པོ་ཡོད་པས་བསྐྱར་དུ་པར་སྐྲུན་དགོས་པའི་སྐུལ་མ་བྱེད་མཁན་གང་མང་བྱུང་སོང་བར་བརྟེན། འདི་ག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་ད་ལན་བསྐྱར་དུ་པར་སྐྲུན་ཞུས་ཡོད་པ་དང། དྷ་རམ་ས་ལའི་ཡིག་ཚང་ཨ་མ་དང་། མོན་གྷོ་ས་གནས་གསར་འགོད་པ་དང། སྦེལ་ཀོབ་ས་གནས་གསར་འགོད་པ་བཅས་ལ་འབྲེལ་བ་གནང་ན་ས་གནས་སོ་སོ་ནས། ཁྱེད་ལ་དེབ་དེ་རག་ངེས་ཡིན་པས་ཐུགས་སྣང་ཅན་རྣམས་ཀྱིས་དེ་ལུགས་འབྲེལ་བ་གནང་རོགས་ཞེས། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས།