སྙིང་རྗེའི་ནུས་སྟོབས་ཞེས་པའི་ལས་འགུལ།
རྒྱ་གར་གྱི་རྒྱལ་ས་ལྡིར་ཡོད་པའི་india gate ཞེས་པའི་མདུན་དུ་བོད་མི་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་༢༠༠ ལྷག་གིས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ཏེ་སྙིང་རྗེའི་ནུས་སྟོབས་ཞེས་པའི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཉིན་གྱི་ལྷག་དཀར་དང་བསྟུན་ཏེ་དྷ་ས་ས་གནས་གཞོན་ལྷན་གྱི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་india gate ཞེས་པའི་ཡུལ་སྐོར་སྤྲོ་འཁྱམ་པ་ཆེས་མང་སའི་ས་གནས་དེར།
བོད་མི་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་༢༠༠ ལྷག་གིས། ད་ལྟའི་བར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མེར་སྲེག་གིེས། རྒྱ་གཞུང་གི་མ་རུང་བའི་སྲིད་ཇུས་ལ་ངོ་རྒོལ་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་༤༤ སྐུ་པར་ལག་ཏུ་ཁྱེར་ནས། མར་མེ་ཁྲོམ་སྐོར་གྱིས་བོད་དོན་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད་འདུག་ལ། ལས་འགུལ་དེའི་ཐོག་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་དང་། བོད་རིགས་ཁག་ཅིག་གིས་བོད་དོན་དང་འབྲེལ་བའི་གཏམ་བཤད་ཀྱང་གནང་ཡོད་པ་དང་། ལས་འགུལ་དེའི་དམིགས་ཡུལ་ནི་རྒྱ་གར་གྱི་ཡུལ་མི་ཚོ་དང་། དེ་བཞིན་དུ་ས་གནས་དེར་འདུས་པའི་ཡུལ་སྐོར་སྤྲོ་འཁྱམ་པ་ཚོར་བོད་ནང་གི་ཛ་དྲག་གི་གནས་སྟངས་རྒྱུད་བསྒྲགས་འགྲོ་ཆེད་ཡིན་པ་རེད།