ཕན་ཐོགས་ཆེན་བའི་དོན་གསུམ།
དེ་རིང་ངས་དྲ་གྲོགས་ཡོངས་ལ་སྟབས་བདེ་བ་དང་ནུས་པ་ཆེན་བོའི་དོན་ཚན་གསུམ་ཞུ་རྒྱུ་ཡིན།དེ་ནི་དངོས་སུ་མྱོང་ཚར་བའི་མི་ཡི་ཉམས་མྱོང་ཡིན་པས། ངས་དྲ་ངོས་སུ་དགོད་ན་མི་མང་པོ་ཞིག་ལ་ཕན་ཐོགས་ཀྱི་རེད་དྲན་ནས་བཀོད་པ་ཡིན་པའི་ཀློག་པ་པོས་ཐུགས་སྣང་གནང་ན་རང་གཙོ་བྱེད་པའི་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་སྲིད།
༡. དེང་སང་ང་ཚོའི་མི་ཡི་སྤྱི་ཚོགས་ནང་དུ་ནད་རིགས་ཤིག་ཡོད་པ་ནི་ཆབ་གསང་བཏང་ཚར་དུས་རྐུབ་ཤ་མར་ཐོན་ནས་དཀའ་ངལ་ཅན་ཡོང་གི་ཡོད་པ་རེད། སྨན་བཅོས་བྱེད་པ་ལ་འགྲོ་སོང་ཡང་ཆེན་པོ་ཡིན། དེ་ལ་རྒྱ་གར་གྱི་གྲོང་གསེབ་ཅིག་ལ་ན་ཚ་དེ་བཅོས་ཐབས་ཤིག་ཡོད་པ་ནི་འདི་ལྟར་དེ། ཞིང་ཁ་ནང་དུ་གནས་ཡོད་པའི་ཙི་གུའི་ཤ་དེ་ཟས་ན་ཡོངས་སུ་དྲགས་ཐུབ་པ་རེད་འདུག །
༢. གྲང་བའི་ན་ཚ་ན་སྡིག་སྲིན་དཀར་པོ་ཟ་དགོས་ཟེར།
༣. སྐབས་སྐབས་སུ་ང་ཚོས་ཤ་བཙོས་དུས་ཤ་དེ་སྲ་དྲག་ནས་མགྱོགས་པོ་ཚོས་མི་ཐུབ་བ་དང་ཡང་ན་ཤ་ངན་ཡིན་པའི་དབང་གི་མགྱོགས་པོ་ཚོས་མི་ཐུབ་པ་བཅས་ཡོང་གི་ཡོད། དེ་ལ་གློག་གི་ཀ་བའི་སྟེང་དུ་གློག་སྐུད་འདོགས་སའི་དཀར་ཡོལ་རྡོག་རྡོག་དེ་ཤ་དང་མཉམ་དུ་བཙོས་ན་མགྱོགས་པོ་ཚོས་ཡོང་ཟེར།།