དཔྱད་གླེང་གནང་རོགས།
བོད་ཀྱི་བརྡ་སྤྲོད་སུམ་ཅུ་པའི་མཚནདོན་བཞེད་ཚུལ་ལ་མཁས་པ་སོ་སོའི་འདོད་ཚུལ་མི་འདྲ་བ་མང་དུ་ཡོད་པས་དྲ་གྲོགས་རྟོག་གེ་བ་རྣམས་ཀྱིས་དཔྱད་གླེང་རང་ནུས་གང་འཇོན་གནང་སྐྱོང་ཡོངས་བའི་རེ་གུས་ཞུ།
༡༽མཁས་དབང་སི་ཏི་མཆོག་གི་འདོད་པ་ལྟ་ན་་སྒྲའི་མཚན་ཉིད་ལུང་དུ་སྟོན་ཅིང་ལེའུ་ཕྱི་མ་རྣམས་ཀྱི་རྟེན་གཞིར་གྱུར་པ་གང་ཞིག་གཞུང་ཚད་ཤློཀ་སུམ་ཅུར་གནས་པས་ན་སུམ་ཅུ་པ་ཞེས་བརྗོད་ནས་གྲངས་ཀྱི་ཤློཀ་ཉེར་དགུ་དང་ཚིག་རྐང་གསུམ་ལ་གོ་བ་ཡིན་་་དེ་ལྟ་ན་ཤློཀ་ཉི་ཤུ་པ་ཟེར་དགོས་པ་མ་གཏོགས་སུམ་ཅུ་པ་ཟེར་དོར་མེད་་་དཔེར་ན་རིག་པ་དྲུག་པ་དང་རྟོགས་ཉིད་བདུན་བཅུ་པ་གསུང་པ་དེ་ལ་ཤློཀ་དྲུག་ཅུ་དང་བདུན་བཅུ་ལྷག་ཡོད་པ་ལས་འོག་ལ་མེད་པ་དེའི་ཕྱིར།
༢༽མཁས་དབང་པྲ་ཏི་མཆོག་གི་འདོད་པ་ལྟ་ནཀཱ་ལི་སུམ་ཅུ་བརྗོད་བྱའི་གཙོ་བོར་སྟོན་པའི་ཆ་ནས་སུམ་ཅུ་པ་ཞེས་བརྗོད་པ་ཡིན་་དེ་ལྟ་ན་རྟགས་འཇུག་ཏུ་དེའི་རྟགས་ཀྱི་དབྱེ་བ་སོགས་འཇུགས་པ་བསྟན་པས་ཀཱ་ལི་སུམ་ཅུའི་བྱ་བ་སྟོན་པར་མཉམ་པས་སུམ་ཅུ་པའི་མིང་དུ་འདོག་དགོས་པ་ཐལ་ལོ།
མཁས་དབང་ལོ་ཆེན་ལམ་བཟང་མཆོག་གི་འདོད་པ་ལྟ་ན་གཞུང་ཚད་ཤློཀ་སུམ་ཅུ་ཙམ་སྟོན་པས་ན་སུམ་ཅུ་པ་ཞེས་བརྗོད་པ་ཡིན་་་དེ་ལྟ་ན་ལམ་སྟོར་བའི་མགྲོན་པོ་ལས་གཞན་མ་མཐོང་ངོ་།
༣༽ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།
གསུང་པ་འདི་ཡང་ཐོན་མི་རྩོམ་པའི་མཆོད་བརྗོད་ཡིན་མིན་དང་་ཡིན་ན་སུམ་ཅུ་པ་རྐྱང་པའི་མཆོད་བརྗོད་ཡིན་ནམ་གཞན་བརྡ་སྤྲོད་བདུན་གྱི་མཆོད་བརྗོད་ཡིན། འདིར་མཁས་པ་མང་པོ་ཞིག་གི་འདུལ་ཚུལ་མི་འདྲ་བ་མང་དུ་ཡོད།
མདོ་ན་སྔོན་གྱི་མཁས་དབང་ཚོའི་ད་དུང་དེ་ལས་བཞེད་ཚུལ་མི་འདྲ་བ་མང་དུ་ཡོད་པས་དྲ་གྲོགས་ཚོའི་བགྲོ་གླེང་ཞིག་གནང་ན་གུས་མོ་དགེ་ཕན་ཆེ།