གངས་ཅན་པ་ཡི་འདོད་དོན་སྒྲུབ་མཁས་བཀའ་བློན་ཁྲི་པ་རྒྱལ་གྱུར་ཅིག

བློ༵་སྟོབས་ཆེ་ཞིང་རང་བཞིན་བཟ༵ང་ལ་དམངས་གཙོའི་ཤེས་ལྡན་རྣམ་དཔྱོད་ཅན།།

གངས་ལྗོངས་སེང༵་གེ༵་དར་མའི་རིགས་སྟོབས་རྒྱས་པའི་དྲང་བདེན་ཤེས་རྩལ་གྱིས།།

གངས་ཅན་མགོན་པོའི་དགོངས་བྱུས་ཟབ་མོ་དབུ་མའི་ལམ་བཟང་རྩ་བཟུང་གིས།།

གངས་ཅན་པ་ཡི་འདོད་དོན་སྒྲུབ་མཁས་བཀའ་བློན་ཁྲི་པ་རྒྱལ་གྱུར་ཅིག། །།

བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གངས་ལྗོངས་བོད་རྒྱལ་ཁབ་ཀྱི་དབུ་འཛིན་དང། ལུགས་ཟུང་དམངས་གཙོའི་བོད་གཞུང་དམངས་ཡོངས་ཀྱི་དབུ་ཁྲིད་བླ་ན་མེད་པ་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་དམངས་གཙོའི་རྩ་ཁྲིམས་གཞིར་བཟུང། བོད་ཕྱི་ནང་གི་བོད་འབངས་ཆེས་མང་མོས་ཀྱིས་འོས་འདེམས་ཞུས་པར། ༧གོང་ས་ཆེན་པོས་སྲིད་སྐྱོང་གི་འགན་དབང་ཡོངས་རྫོགས་བསྩལ་ནས་ལོ་འཁོར་གཅིག་སོང་བའི་རིང་དེར། ༧རྒྱལ་བ་ཡིད་བཞིན་ནོར་བུའི་དགོངས་བྱུས་རྩ་བཟུང་ཆབ་སྲིད་འཛིན་སྐྱོང་ལེགས་ལྷོངས་རྒྱལ་སྤྱིའི་ཁྱོན་ལ་ཁྱབ་དང་ཁྱབ་བཞིན་པར་གུས་སྣར་སྐྱིད་ངག་དབང་དོན་གྲུབ་རྒས་པོས་ཡིད་ཤིན་ཏུ་མགུ་ཞིང། ལུས་བདེ་སེམས་སྐྱིད་ངང་ནས་བཀྲ་ཤིས་བདེ་ལེགས་དང། བཀའ་ཁྲིའི་མཛད་བཟང་མུ་མཐུད་གོང་འཕེལ་རྒྱལ་བར་གྱུར་ཅིག་ཅེས་སྨོན་འདུན་ཞུ་རྒྱུ་བཅས།

གླ་ཡོད་ཁྱབ་བསྒྲགས།