ཀོ་ལེ་གྷལ་ས་འཐུས་ཚོགས་འདུ།

ཟླ་འདིའི་ཚེས་༡༠སྔ་དྲོ་ཆུ་ཚོད་༩་༣༠་ཐོག་རྒྱ་གར་ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་འཐུས་སྐབས་བདུན་པའི་ཚོགས་དུས་ལྔ་པ་དེ་ཀོ་ལེ་གྷལ་ས་གནས་སུ་འཚོགས་ཡོད་པ་རེད།

ཚོགས་འདུ་དབུ་འབྱེད་ཀྱི་ཐོག་མར་༧གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་བ་དང་། དེ་ནས་ས་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་བརྡ་ཁྱབ་བཏང་བ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། དེ་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་གནང་སོང་།

ཚོགས་གཙོས་དབུ་འབྱེད་གཏམ་བཤད་གནང་བ་དང་། ས་གནས་འགོ་འཛིན་ལས་ཁང་གི་ཟླ་དྲུག་རིང་གི་ལས་བསྡོམས་སྙན་སྒྲོན་དང་། སྔ་ལོ་རྒྱ་གར་མངའ་སྡེ་གཞུང་ནས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་གཞུང་ལམ་དང་འཐུང་ཆུའི་དཀའ་ངལ་སླད་རོགས་དངུལ་བཀའ་ཁྲོལ་ཐོབ་ཡོད་པ་དང་། འཐུངཆུའི་འཛུགས་སྐྲུན་ལས་རིམ་འགྲོ་དང་འགྲོ་བཞིན་ཡོད་བ་དང་། གཞུང་ལམ་ཐོག་སྔ་རྗེས་སུ་འབྲེལ་ཡོད་ལས་ཁུངས་དང་དཔོན་རིགས་ཁག་ལ་ཐུག་འཕྲད་ཞུས་པའི་གཞུང་ལམ་བཟོས་རྒྱུ་གང་འགྱོགས་ཐུབ་པའི་རེ་བ་ཡོད་སྐོར་སོགས་གསུངས་སོང་།

དེ་ནས་ཀོ་ལེ་གྷལ་དོན་ལྡན་གླིང་མཉམ་འབྲེལ་ཚོགས་གཙོས་ས་གནས་འཛུགས་སྐྲུན་གྱི་སྐོར་ལ་གཏམ་བཤད་གནང་། ས་འཐུས་ཚོགས་འདུ་དེ་ཉིན་གསུམ་རིང་འཚོགས་རྒྱུ་ཡིན་པ་རེ ད་འདུག

གནས་ཚུལ་མཁོ་གཏོང་བ་ལེ་གྷལ་དོན་ལྡན་གླིང་ནས་དོན་འགྲུབ་བཀྲ་ཤིས་ཀྱིས།