སློབ་མར་མདོ་སྨད་ཀྱི་གཟེངས་བསྟོད།

ཟླ་འདིའི་ཚེས་༡༢ ཉིན་དྷ་སར་མདོ་སྨད་དབུས་རྒྱུན་ལས་ཁང་གིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༠ པའི་ཡིག་རྒྱུགས་ཁྲོད། ཨང་རིམ་རྩེ་ཕུད་ལེན་མཁན་བསྟན་འཛིན་དཔལ་སྒྲོན་ལ་གཟེངས་བསྟོད་བྱ་དགའ་ཕུལ་སོང་ལ།

སྐབས་དེ་བསྟུན་ཏེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ཕེབས་ཏེ། བསྟོད་བསྔགས་གནང་ཡོད་པ་རེད། གཟེངས་རྟགས་དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་དང་སྤྱི་ཚོགས་ལས་རིགས་ཐོག་དམིགས་བསལ་བྱས་རྗེས་འཇོག་མཁན་མདོ་སྨད་མི་མང་ཚོར་འབུལ་བཞེས་གནང་བཞིན་ཡོད་པ་དང་། གཟེངས་བསྟོད་དང་མཉམ་དུ་བྱ་དགའ་ཧིན་སྒོར་༡༡༡༡༣ ཙམ་ཡོད་པ་རེད།།