བདེ་འཇགས་ཏུ་གནས་པ་ལ་སེམས་གཏིང་ནས་དགའ་བསུ་ཞུ།།

ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་སུ་གནས་ཚུལ་ཛ་དྲག་ཡོད་སྐོར་གསུང་སྐབས་ང་ཚོ་ཕྱོགས་མཐའ་ཁག་ན་ཡོད་པའི་བོད་མི་ཚོ་ཧ་ཅང་གི་བློ་འཚབ་སྐྱེས་ཀྱང་།  ད་ལྟའི་ཆ་ལ་ས་གནས་མངའ་སྡེའིདཔོན་རིགས་ཁག་གིས་བོད་མིའི་བདེ་འཇགས་ཐོག་འགན་སྲུང་བྱ་རྒྱུ་དང་བོད་མི་ཚོ་སེམས་འཚབ་དང་དངངས་སྐྲག་བྱེད་དགོས་ཀྱི་མ་རེད་གསུངས་ཚུལ་སྐོར་གནས་ཚུལ་བཟང་པོ་ཐོས་སྐབས་གུས་ཧ་ཅང་དགའ་པོ་བྱུང་།   རྒྱ་གར་དཔོན་རིགས་ཁག་གིས་ང་ཚོ་བོད་མིའི་བདེ་འཇགས་ཐོག་གསུང་བཤད་དེ་ལྟར་གནང་དོན་ཡང་།   གཅིག་ནི་བོད་ཀྱི་གཞིས་འགོ་དང་། གྲོང་ཚོ་སོ་སོའི་བརྒྱ་དཔོན། གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ། ཕྱག་མཛོད་རྣམ་པ་བཅས་ཀྱིས་རྒྱ་གར་དཔོན་རིགས་ཁག་ལ་འབྲེལ་བ་གང་ཟབ་བྱས་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་དང་།  གཉིས་ནི་གཞིས་ཆགས་ཁག་གི་མང་ཚོགས་རྣམས་ཀྱིས་རྒྱ་གར་ས་གནས་མང་ཚོགས་ལ་མཐུན་སྒྲིལ་ལེགས་པོ་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད་དྲན་གྱི་ཡོད།  སྤྱིར་མཐུན་སྒྲིལ་ནི་མི་དང་མིའི་བར་གྱི་འབྲེལ་ལམ་གྱི་རྨང་གཞི་དང་བདེ་འཇགས་གི་རྩ་བ་ཡིན་པ་ངོས་ཟིན་པའི་ཐོག་བོད་མི་ཚང་མས་ས་གནས་རྒྱ་གར་མི་དམངས་ལ་མཐུན་སྒྲིལ་གང་ཟབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།།