མ་བྱན་ས་དམིགས་གསལ་བསྒྲགས།

༄༅། །ཝཱརཱཎསཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ས་ཁོངས་ནང་ཡོད་པའི་སྤྱི་པའི་ཟ་ཁང་ (Canteen) དུ་བོད་ཟས་དང་རྒྱ་ཟས་གཙོ་བོར་གྱུར་པའི་ཞལ་ལག་འདྲ་མིན་བཟོ་ཤེས་པའི་བོད་རིགས་མ་བྱན་ཉམས་མྱོང་ལྡན་པ་ཞིག་དགོས་མཁོ་འདུག་ན་

ལས་འདུན་ཡོད་མཁན་རྣམས་ནས་གཤམ་འཁོད་ཁ་པར་ཨང་གྲངས་ཐོག་འབྲེལ་བ་གནང་རོགས། ཟླ་རེར་གླ་ཕོགས་ཧིན་སྒོར་ ༥༠༠༠། ཐམ་པ་དང་སྡོད་གནས་ཀྱི་མཐུན་རྐྱེན་འདི་ནས་གྲ་འགྲིག་ཡོད་པ་བཅས་དེ་དོན་དགོངས་འཇགས་ཞུ།

བསྟན་འཛིན་རྡོ་རྗེ་ཡིས། ཁ་པར་ཨང། 08005264188