ལོ་འདིར་བུད་མེད་འཇོན་ཐང་ཆེ་ཤོས་སུ་རེད།

༢༠༡༢ ལོའི་བུད་མེད་དབང་སྟོབས་ཆེ་ཤོས་ཀྱི་རྩེ་ཕུད་དང་པོ་དེ་ཇར་མ་ནིའི་སྲིད་བློན་ཨེན་ཇི་ལ་མར་ཁལ་དང་། གཉིས་པ་ཨ་རི་ཕྱི་སྲིད་དྲུང་ཆེ་ལྕམ་ཁི་ལི་ཊོན། དྲུག་པ། རྒྱ་གར་རྒྱལ་ཡོངས་ཀོང་རེ་སུ་ཚོགས་པའི་ཚོགས་གཙོ་ལྕམ་སོ་ནི་ཡ་གྷན་དྷི་ཡིན་པ་རེད

དེ་ཡང་བདུན་ཕྲག་སྔོན་མར་ཨ་རི་གཞུང་གིས་འགྲེམས་སྤེལ་བྱས་པའི་forbes དུས་དེབ་ཀྱི་ནང་ཕྱི་ལོ་༢༠༡༢ ལོའི་འཛམ་གླིང་གི་བུད་མེད་དབང་སྟོབས་ཆེ་ཤོས་བརྒྱ་བདམས་ཡོད་པ་དང་། དེ་དག་གི་ནང་ནས་བུད་མེད་དབང་སྟོབས་ཆེ་ཤོས་ཀྱི་རྩེ་ཕུད་བཅུ་ནི། དང་པོ། དགུང་ལོ་༥༨ ལ་སོན་པ་ཇར་མ་ནིའི་སྲིེད་བློན་ཨེན་ཇི་ལ་མར་ཁལ་དང་། གཉིས་པ། ཨ་རི་ཕྱི་སྲིད་དྲུང་ཆེ་ལྕམ་ཁི་ལི་ཊོན། གསུམ་པ། ལྷོ་ཨ་རི་ཀ་བྷ་རེ་ཛིལ་གྱི་སྲིད་འཛིན་ལྕམ་རྡིལ་མ་རོ་ཟ། བཞི་པ། ལྕམ་མི་ལེན་ཊར་གྷེ་སུ་དང་། ལྔ་པ། ཨ་རིའི་གསར་ཤོག་དང་ནིའུ་ཡོག་དུས་བབ་ཀྱི་བུད་མེད་འགོ་འཛིན་པ་ཐོག་མ་རྗིལ་ཨབ་རལ་སམ། དྲུག་པ། རྒྱ་གར་རྒྱལ་ཡོངས་ཀོང་རེ་སུ་ཚོགས་པའི་ཚོགས་གཙོ་ལྕམ་སོ་ནི་ཡ་གྷན་དྷི། བདུན་པ། ཨ་མི་རི་ཀའི་ལྕམ་དང་པོ་མི་ཤལ་ཨོ་བྷ་མ། བརྒྱད་པ། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་འགན་འཛིན་གྱི་བུ་མེད་དང་པོ་ཁུ་རི་སུ་ཁལ་ལ་གྷ་ཊིང་། དགུ་པ། ཨ་མི་རི་ཀའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་དྲུང་ཆེ་བུད་མེད་དང་པོ་རྗེ་ནེད་ནེ་བྷུ་ལོ་ཊི་ནོ། བཅུ་པ། འཛམ་གླིང་ན་དར་སྤྱོད་དང་བེད་སྤྱོད་ཆེ་བའི་ངོ་དེབ་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བུད་མེད་དང་པོ་ཤ་རལ་སེན་པར་ཁུ་ཡིན་པ་རེད།

དེ་ཡང་ཨ་རི་གཞུང་གིས་འདོན་སྤེལ་བྱས་པའི་ forbes དུས་དེབ་དེས་བུད་མེད་བདམ་སྟངས་དེ་ནི། སྔོན་འགྲོའི་སྐབས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བུད་མེད་༢༠༠ ལྷག་གི་མིང་གཞུང་བསྡུས་ཡོད་པ་དང་། བུད་མེད་༢༠༠ ལྷག་གི་ནང་ནས་བུད་མེད་དབང་སྟོབས་ཆེ་ཤོས་༡༠༠ བདམས་པ་དེ་ཡང་། སྡེ་ཚན་དྲུག་གི་སྒོ་ནས་བདམས་ཡོད་འདུག དེ་ཡང་ཆབ་སྲིད་དང་། ཚོང་དོན། དཔལ་འབྱོར། མི་ཚེའི་གྲུབ་འབྲས། བརྒྱུད་ལམ་ཁག་ཏུ་སྐད་གྲགས་ཡོད་མེད། ཁེ་བཟང་དོན་གཉེར་མ་ཡིན་པའི་སྤྱི་ཚོགས་ལ་ཞབས་ཞུ་བྱེད་ཕྱོགས་སོགས་ཀྱི་སྒོ་ནས་བདམས་ཡོད་པ་རེད།