བོད་ཀྱི་བང་ཆེན་དྲ་བའི་ཟིན་བྲིས་པ་ཡོངས་ལ་བཀྲ་ཤེས་བདེ་ལེགས་ཞུ།

གུས་པའི་མིང་ལ་དོན་འགྲུབ་བཀྲ་ཤིས་ཟེར་ཞིང་། ང་ནི་གོ་སྐབས་ནམ་བྱུང་ལ་དྲྭ་རྒྱ་ཀློག་རྒྱུར་དགའ་པོ་ཡོད། ངས་རྩོམ་པ་པོ་དང་གསར་འགོད་པ་སོགས་ཀྱིས་ཟིན་བྲིས་ནང་རྩོམ་ཡིག་སྣ་ཚོགས་སྤེལ་བ་དག་ཀློག་སྐབས་རང་ཉིད་ཀྱིས་ཀྱང་ཟིན་བྲིས་རེ་སྤེལ་འདོད་སྐྱེས་ཀྱི་ཡོད། ཡིན་ནའང་། ང་ནི་དྲ་བའི་བརྡའ་ཕྲིན་གྱི་ཆ་རྐྱེན་སྐྱོ་སའི་གཞིས་ཆགས་ཤིག་ན་ཡོད་སྟབས་ཉིན་རྟག་པར་ཟིན་བྲིས་འབྲི་བར་དཀའ་ངལ་འདུག འོན་ཀྱང་། དེ་རིང་ངས་འདིར་ཐོག་མར་བང་ཆེན་དྲྭ་རྒྱའི་རྩོམ་སྒྲིག་པ་དང་། གསར་འགོད་པ། ཟིན་བྲིས་པ་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བར་ཟིན་བྲིས་འདིར་ཡོང་བ་ཡིན།