སློབ་མ་གསར་བསྡུའི་གསལ་བསྒྲགས།
༄༅།། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༢ ཟླ་མཇུག་ཏུ་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་ མཚན་ཉིད་སློབ་གཉེར་བ་གསར་འཇུག་བྱ་རྒྱུའི་གསལ་བསྒྲགས།
དྷ་ས་བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་དུ་མཚན་ཉིད་རིགས་པའི་ལམ་ནས་ནང་ཆོས་སློབ་གཉེར་བྱ་བློ་ཆེན་པོ་ཡོད་མཁན་རབ་བྱུང་གྲངས་བཅོ་ལྔ་དང༌། མི་སྐྱ་ཕོ་གྲངས་གསུམ་ཙམ་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༢ ཟླ་མཇུག་ཏུ་གསར་དུ་འཇུག་བཞེས་བྱ་རྒྱུ་ལགས་ན། གསར་དུ་འཛུལ་ཞུགས་བྱ་བློ་ཡོད་མཁན་རྣམས་ནས་གཤམ་གསལ་ཆ་རྐྱེན་རྣམས་ངེས་པར་དུ་ཚང་དགོས་པ་དགོངས་འཇགས་ཞུ།
༡༽ བོད་ཡིག་སློབ་ཚན་ཡོད་པའི་གཞི་རིམ་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་པ་ཡན་ཐོན་པའི་ལག་འཁྱེར་ཡོད་མཁན་རྣམས་ཚུད་རྒྱུགས་Entrance Test གཏོང་མི་དགོས་པའི་ཐོག་ནས་ཐད་ཀར་འཇུག་བཞེས་བྱ་རྒྱུ་ཡིན། དེ་མིན་རྣམས་དི་ག་རིགས་ལམ་སློབ་གཉེར་ཁང་གི་སློབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གནང་སྟེ་འཇུག་བཞེས་བྱ་རྒྱུ་ཡིན།
༢༽ ད་ལྟ་རབ་བྱུང་མིན་ནའང་ཆ་རྐྱེན་དང་འོས་ཆོས་རེ་རེ་ནས་ཚང་བའི་ཐོག་གང་མྱུར་རབ་བྱུང་བྱ་རྒྱུ་ངེས་ཅན་ཡིན་ན། དོ་བདག་གི་ཁས་ལེན་ཡི་གེ་དང་སློབ་གྲྭའི་དབུ་འཛིན་གྱི་རྒྱབ་གཉེར་ཡི་གེ་བཅས་ཡོད་ན་རབ་བྱུང་གི་ས་མིག་ཁོངས་སུ་ཐད་ཀར་འཇུག་བཞེས་བྱ་རྒྱུ་ཡིན།
༣༽ ༢༠༡༣ ཕྱི་ཟླ་ ༣ ཚེས་ ༡ ཉིན་རང་ལོ་བཅོ་ལྔ་ལས་མི་ཆུང་བ་དང་ཉི་ཤུ་རྩ་ལྔ་ལས་མི་བརྒལ་བ་དངོས་འབྲེལ་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་ཡིག་ཆ་དགོས་པ་ཡིན།
༤༽ ནག་ཉེས་གྲས་སུ་ཚུད་པ་དང༌། དགོན་པ་དང་སློབ་གཉེར་ཁང༌། ཚོགས་པ་སོགས་ནས་ཕྱིར་བུད་བྱས་རིགས་མ་ཡིན་པ། གཞན་ཡང་རང་ཉིད་ཀྱིས་ད་ལྟའམ་དེ་སྔོན་སྡོད་སའི་དགོན་པ་དང་སློབ་གྲྭ་སོགས་ཀྱི་ནང་དུ་རྙོག་གྲ་བཟོས་པའི་རྐྱེན་གྱིས་སྡོད་མ་ཐུབ་པར་རང་བཞིན་གྱིས་ཐོན་པ་མ་ཡིན་པ་ཞིག་ཡིན་དགོས།
༥༽ ཁུངས་སོ་སོའི་དགོན་སྡེ་གྲྭ་ཚང་ངམ་སློབ་གྲྭའམ། ཚོགས་པའི་དབུ་འཛིན་ནས་ཀུན་སྤྱོད་ཡག་པོ་ཡོད་པའི་ངོས་སྦྱོར་ཡི་གེ་དགོས་པ་ཡིན།
༦༽ བོད་མི་ཡིན་ན་རྒྱ་གར་ནང་བཅའ་སྡོད་ཆོག་པའི་ R.C. ལག་འཁྱེར་དང་བོད་མིའི་རང་དབང་དཔྱ་དེབ་ཡོད་དགོས།
༧༽ དབང་པོ་སྐྱོན་ཅན་མིན་ཁར་སྨན་ཁང་ཚད་ལྡན་ནས་ཞིབ་ཕྲ་བརྟག་དཔྱད་བྱས་ཏེ་ན་ཚ་མེད་པའི་ངོས་སྦྱོར་ཡི་གེ་དང༌། རང་ཉིད་ནས་ན་ཚ་མེད་པའི་རང་ཉིད་ནས་བྲིས་པའི་ངོས་ལེན་ཡི་གེ་བཅས་དགོས།
༨༽ ༢༠༡༣ ཕྱི་ཟླ་ ༤ ནང་ཚུད་དུ་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཐོན་ཏེ་རབ་བྱུང་བྱེད་མཁན་རྣམས་ཡིག་ཚད་བཏང་ཚར་བའི་རྗེས་སུ་རིགས་སློབ་ཏུ་འཛུལ་ཞུགས་བྱ་རྒྱུར་དམིགས་བསལ་ཡོད། དེ་མིན་རྣམས་རིགས་ལམ་སློབ་གཉེར་ཁང་དུ་ཕྱི་ཟླ་གཉིས་པའི་ཟླ་མཇུག་གི་ཚེས་གྲངས་གང་དུ་སླེབས་འབྱོར་ཐུབ་པ་དགོས་མིན་སྐབས་མཚམས་འབྲེལ་བ་བྱ་རྒྱུ་ཡིན།
༩༽ མི་སྐྱ་འཛུལ་ཞུགས་བྱེད་བློ་ཡོད་མཁན་མང་དྲགས་ན་འདེམས་སྒྲུག་བྱ་རྒྱུ་ཡིན།
༡༠༽ གོང་གསལ་ཆ་རྐྱེན་དང་འོས་ཆོས་ཚང་བའི་དགོན་སྡེ་གྲྭ་ཚང་ཁོངས་སུ་ཡོད་མེད་ལ་མ་ལྟོས་པར་རབ་བྱུང་དང༌། སློབ་ཕྲུག་བཅས་དོ་བདག་སོ་སོའི་ཉེ་ཆར་ཟླ་གཅིག་ཟླ་གཉིས་ནང་བརྒྱབ་པའི་འདྲ་པར་གཉིས་རེ་དང༌། ཁ་བྱང༌། ཁ་པར་ཨང་གྲངས། གློག་འཕྲིན་ཁ་བྱང་ (E-mail address) བཅས་གསལ་པོ་འཁོད་པའི་ཞུ་སྙན་དང་ངོ་བཤུས་ཡིག་ཆ་ཁག་བཅས་ ༢༠༡༢ ཕྱི་ཟླ་ ༡༢ ཚེས་ ༣༠ སྔོན་ཚུད་དུ་རིགས་ལམ་སློབ་གཉེར་ཁང་གི་ཡིག་ཚང་དུ་གཤམ་གསལ་ཁ་བྱང་ཐོག་ངེས་པར་དུ་འཕྲོད་འབྱོར་ཐུབ་པ་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས། རིགས་ལམ་སློབ་གཉེར་ཁང་གི་ཡིག་ཚང་ནས་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༥ ལ།།
Postal Address:
General Secretary
Institute of Buddhist Dialectics
P.O. Mcleod Ganj 176219
Dharamsala, H.P.
Telephone no: 1892+221215
Email address: ibdoffice@rediffmail.com