བོད་མིའི་སྤྱི་ཚོགས་ནང་གི་དཀྲུགས་ཤིང་མཁན་དག་ལ་རྣ་བ་མི་གཏོད་རྒྱུ་ཚང་མས་ཡིད་འཇགས་ཡོད་པར་མཁྱེན།

དེང་གི་དུས་འདིར་རང་རེའི་སྤྱི་ཚོགས་ནང་དུ་གསལ་ལ་མི་གསལ་བའི་སྐད་ཆ་འདྲ་མིན་བཤད་མཁན་གྱི་དཀྲུགས་ཤིང་རྒྱག་མཁན་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རེད། དཔེར་ན་ངོ་དེབ་ཏུ་རང་ཉིད་ཀྱི་འདྲ་པར་ངོ་མ་མ་ཡིན་པའི་པར་འདྲ་མིན་བེད་སྤྱོད་བཏང་ནས་དཀྲོགས་གཏམ་སྣ་ཚོགས་བཤད་པ་དང་། དེ་བཞིན་དུ་དྲྭ་བའི་ནང་ཉོག་བཤད་འདྲ་མིན་གླེང་སློང་བྱེད་པ་སོགས་ནི་འུ་ཚོའི་སྤྱི་ཚོགས་ནང་གི་དཀྲུགས་ཤིང་མཁན་གྱི་གཏེ་བོར་ངོས་འཛིན་བྱེད་ཆོག་པ་ཞིག་ཅི་ལ་མིན། མི་དེ་དག་གི་རིགས་ལ་ནམ་ཡང་རྣ་བ་གཏོད་མི་རུང་བ་ཞིག་ཏུ་མཐོང་།

རྒྱུ་མཚན་ནི་ཁོ་ཚོའི་ཁ་ལས་ཐོན་པའི་གཏམ་ནི་གཞུང་གི་ལས་བྱེད་ཀྱིས་འགྲིག་གི་མེད་རབས་དང་། ཆོལ་ཁ་གང་ཞིག་གི་མི་དེ་ཚོས་ཕྱོགས་རིས་འཐེན་ཁྱེར་བྱེད་ཀྱིན་ཡོད་རབས། ཡང་ན་ཚོགས་པ་ཞིག་གིས་ཚོགས་པ་གཞན་ཞིག་ལ་ཚིག་རྩུབ་ལབ་ཡོད་ཚུལ་དང་དེ་བཞིན་དུ་སྤྱི་འཐུས་ཀ་བ་ཡག་པོ་མེད་པ་དང་ཁོས་གཞུང་རྒྱུ་ལྐོག་ཟས་བྱས་རབས་སྤྱི་འཐུས་ཁ་བ་རྒྱ་མིའི་ཉུལ་མ་རེད་ཅེས་དང་། ་མདོར་ན་མི་དགོས་ཤིང་ཕན་ཐོགས་ཅི་ཡང་མེད་པའི་སྐད་ཆ་དག་སྤྱི་ཚོགས་སུ་གླེང་སློང་ཤུགས་ཆེར་བྱེད་ཀྱིན་ཡོད་པ་རེད། མི་དེ་ཚོས་གོ་སྐབས་ངེས་ཅན་ཞིག་བཟུང་ནས་ཡུལ་མི་དང་བོད་མི་སྐྱབས་བཅོལ་བའི་དབར་དཀྲུགས་ཤིང་བྱེད་པ་སོགས་སྒྲུབ་གང་ཐུབ་བྱེད་ཀྱི་ཡོད་པ་རེད། གནོད་དོན་དེ་དག་ལ་བསམ་གཞིགས་ཡག་པོ་ཞིག་བྱས་ནས་བོད་མི་རིགས་ལ་བློ་སེམས་དཀར་མཁན་དག་གིས་ཤུགས་རྒྱབ་དགོས་ཚད་ཅིག་ལ་སླེབས་འདུག་སྙམ། གལ་ཏེ་བོད་དག་མ་ཞིག་དང་བོད་མིར་དགའ་མཁན་ཞིག་ཡིན་ཚེ་ངོ་དེབ་རྫུན་མ་མི་བཟོ་བ་དང་ཉོག་བཤད་འདྲ་མིན་མི་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བར་མཐོང་བས་ཚང་མས་ཡིད་འཇགས་འཚལ།