མཚན་ཉིད་ལྟ་ཡ་དེ་དགེ་ལུགས་པའི་རེད་ཟེར་བ་དེ་ལྐུག་པའི་སྐད་ཆ་རེད།
ང་ཚོ་རྒྱ་གར་ལ་བསླེབས་ནས་དེ་འདྲ་བྱས་ནས་འཇམ་དབྱངས་དགུ་ཆོས་འཚོགས་ཡ་བྱས་ནས་མགོ་སྟོད་དེ་བར། བཀའ་བརྒྱུད་ཡོད་རེད།རྙིང་མ་དེ་འདྲ་ཡོད་རེད།ས་སྐྱ་ཡོད་རེད།བོན་པོ་ཡོད་རེད།བོན་པོ་ཚོ་རྟགས་བསལ་ཚ་བོ་ཞི་དྲག་བྱས་གྱིས།སྐབས་གཅིག་མར་གི་རྡོ་རྗེ་གདན་ལ་ཡང་ང་ཚོ་འཚོགས་ནས་རྟགས་བསལ་བཏང་བྱས།རེད་བ།དེ་དུས་རྡོ་རྗེ་གདན་ནས་དགེ་ལུགས་པའི་དགེ་བཤེས་བཟོ་ལྟ་སྤྲད་མཁན་བོན་པོ་རེད་ཟེར་བཤད་ཡ་བྱུང་སོང་།བོན་པོ་མ་གཏོགས་གཞན་དག་གིས་བཟོ་ལྟ་སྤྲད་ཐུབ་ཀྱི་མི་འདུག་ཟེར།ང་མར་གི་སོ་ལན་གཞིས་ཆགས་ཀྱི་བོན་པོའི་ཆོས་སྒར་དེར་ང་ཚར་ཁ་ཤས་གཅིག་བསླེབས་པ་རེད།
ཨི་ནི་ཁོང་རང་ཚོས་རྟགས་བསལ་བཏང་དུ་ཞི་དྲག་ཡག་པོ་བཏང་གི་ཧ་ལས་པ་བཏང་གི་འཇོན་པོ་ཞི་དྲག་འདུག དེ་ཐུན་མོང་གི་རེད་མ་གཏོགས། དེ་དགེ་ལུགས་པའི་རེད་ཡ་ཡོད་མ་རེད།ཕྱི་རྒྱལ་གྱི་མི་མགོ་འཚོ་ལ་མ་འཚོས་བ་ཁ་ཤས་ཀྱིས་མགོན་པོ་ཀླུ་སྒྲུབ་དགེ་ལུགས་པ་རེད་ཟེར་གི་འདུག་ག་དཔལ་ཟླ་ལྡན་ཟླ་གྲགས་པ་དགེ་ལུགས་པ་རེད་ཟེར་གྱི་འདུག་གྭ་དྭ་གང་ཡིན་ཟེར་གི་རེད།སྣང་བ་མི་འགྲོ་བའི་སྐད་ཆ།
མཚན་ཉིད་ལྟ་ཡ་དེ་དགེ་ལུགས་པའི་རེད་ཟེར་མཁན་ཡོང་གི་འདུག་ག་དེ་ལྐུག་པའི་སྐད་ཆ་རེད།མ་ཤེས་པའི་སྐད་ཆ་རེད།ཆས་སོང་ཨ།དངོས་ཡོད་གནས་ཚུལ་ལ་སྔ་མོ་ཡིན་ན་ནི་རྗེ་ཡབ་སྲས་གསུམ་གྱི་མཚན་ཉིད་ཀྱི་གཞུང་དེ་ཚོ་གཙོབོ་གཙོ་བོ་ས་སྐྱ་ནས་མར་ཡོང་གི་ཡོད་རེད། རྗེ་རིན་པོ་ཆེའི་གསུང་གི་ནང་ལ་ཡ། ག་རེ་ཟེར། མདོ་སྔགས་རིག་པའི་འབྱུང་གནས་ས་སྐྱ་པ།ཟེར་ཡ་གཅིག བསམ་གྱི་མི་ཁྱབ་པའི་བསྟོད་པ་ཡོད་རེད།འབྲི་གུང་ལ་ཡང་བསྟོད་པ་ཞི་དྲག་ཅིག་ཡོད་རེད།རྗེ་རིན་པོ་ཆེའི་གསུངས་ནང་ལ་ཡ།ཨོ་བྱས་ནས།ཨོ་དེ་འདྲ་རེད།ད་དེ་འདྲ་ཡིན་དུས་ཙ་ནས་སྔ་མོ་ས་སྐྱ་ཞི་དྲག་ཡག་པོ་ཡོད་རེད།ཨི་ནི་དཔེར་ན་ཆོས་རྗེ་ས་པཎ་གྱིས་རིག་གཏེར་མཛད་བྱས།ཚད་མའི་གཞུང་རང་ཉིད་ཀྱིས་བོད་རྩོམ་རིག་་གཏེར་མཛད་ཡོད་རེད།ཨོ་བྱས་ནས། ད་གང་ལྟར་ས་སྐྱ་ལ་དར་སྲོལ་ཆེ་པོ་ཞི་དྲག་རེད་བཞག
ད་ཕྱིས་སུ་ག་ལེར་ག་ལེར་ད་མཚན་ཉིད་ལྟ་ཡ་དང་གཞུང་ཆེན་མོ་རིག་ལམ་གྱི་ཐོག་ནས་བརྡར་ཤ་བཅད་ནས་ཕར་གི་དགག་བཞག་སྤོང་གསུམ་གྱི་ཐོག་ནས།ད་གང་ལྟར་སློབ་གཉེར་རྒྱག་ཡ་དེ།དགེ་ལུགས་པ་དྲག་ཤོས་རེད།དེ་ཕྲག་དོགས་བྱེད་ཡ་ཡོད་མ་རེད། འོ་ད་འགྲན་སེམས་བྱེད་ཡ་ཡོད་མ་རེད།དམིགས་གསལ་རྒྱག་བྱ་ཡ་ཡོད་མ་རེད།དངོས་ཡོད་གནས་ཚུལ་དེ་ག་རེད་དྭ།ཤེས་སོང་བ།དེ་འདྲ་ཡིན་དུས། དེ་དྲགས་ཤོས་དེ་དགེ་ལུགས་པ་ཆགས་བསྡད་ཡོད་པ་ཡིན་དུས་ཙ་ནས་དེ་དགེ་ལུགས་པའི་རེད་ཟེར་ནས་མཚན་ཉིད་དགེ་ལུགས་པའི་ཡིན་པ་ཙམ་དུ་མ་ཟད་མགོན་པོ་ཀླུ་སྒྲུབ་དགེ་ལུགས་པའི་གྲལ་དུ་ཕར་སྐྱེལ་དགོས་མ་རེད་ཧཧཧཧ་།ཨི་ནི་སོ་སོས་དེ་དགེ་ལུགས་པའི་བཤད་གྲྭ་དེ་གར་དེ་ད་དགེ་ལུགས་པ་དགེ་ལུགས་ཡོངས་རྫོགས་མ་རེད་དྭ།ཡང་དགེ་ལུགས་དགོན་པ་ཁ་ཤས་།ན་ཉིང་རང་ཁ་སང་ངས་གཅིག་ལབ་མ་སོང་ཝེ་ན་ཉིན་རང་ད་ལྟ་བོད་ནས་རང་།ཁམས་དེ་བ་ཞིག་ལ་རེད། དགོན་པ་གཅིག་གི་གྲྭ་པ་གཉིས་ང་ལ་ཐུག་སོང་།ཁོ་རང་སྔ་མ་ཕལ་ཡུལ་ནས་ལོ་ཕལ་ཆེར་བཅུ་ལྔ་ཉེ་ཤུའི་གོང་ལ་ཕ་ཡུལ་ནས་ཚུར་རྒྱ་གར་ལ་ཡོང་ཨི་ནི་གྲྭ་ས་ལ་སེ་ར་བྱེས་ཡིན་ན་གཅིག་ལ་ཡ།འབྲས་སྤུང་ཡིན་ན།སེ་ར་ཡིན་ན།གཅིག་ལ་དཔེ་ཆ་བལྟས་ནས་བསྡད་པ་ཡིན་ཟེར།ཨི་དེ་ནས་ཁོ་རང་ཕ་ཡུལ་གཞིས་དགོན་དེར་མཚན་ཉིད་བཙུགས་ཡ་གི་དོན་དག་ལ་ཕར་ལོག་བྱས་ཨི་ནི་ཕེ་གེ་མཚན་ཉིད་བཙུགས་ཡ་ལ་འབད་བརྩོན་བྱས་པ་ཡིན་ཟེར།
ཨི་ནི་དགོན་པའི་དགེ་འདུན་བགྲས་པ་དེ་ཚོའི་གྲལ་གྱིས་ང་ཚོ་དགོན་པ་ལ་མཚན་ཉིད་དགོས་མ་རེད་ཟེར།ང་ཚོ་དགོན་པ་ལ་གྲོང་ཆོག་སྦྱིན་བདག་དེ་ཚོས་གྲས་ཀྱིས་གྲོང་ཆོག་རྒྱུག་ག་ཡོང་རོགས་ལབ་ཀྱི་ཡོད་རེད།ང་ཚོའི་དགོན་པ་གྲོང་ཆོག་རྒྱུག་ནས་འཚོ་དགོས་རེད།ཨི་ནི་སྦྱིན་བདག་ནང་ལོགས་ལ་ཡ།ཨི་ནི་གྲོང་ཆོག་གདན་འདྲེན་ཞུ་དུས་ཙ་ནས་རྟགས་བསལ་གཏོང་ག་ཡོང་རོགས་གྱིས་ཟེར་མཁན་སུ་ཞིག་མི་འདུག་
ཆོ་ག་འདོན་རོགས་ཟེར་གྱིས་རེད་མ་གཏོགས།དེ་འདྲ་ཡིན་དུས་ང་ཚོའི་དགོན་པར་ཆོ་ག་ཡོད་བ་ཁོ་རང་་གལ་ཆེན་པོ་རེད་མ་གཏོགས།རྟགས་གསལ་གཏོང་ན་ཕན་ཐོགས་གང་གང་མི་འདུག་མཚན་ཉིད་རྩོད་ཀྱི་མིན་ཟེར་གྱི་འདུག་ཟེར། གཞུག་གུ་ཁོང་གཉིས་ཚུར་རྒྱ་གར་ལ་ལོག་ཡོང་བ་ཡིན་ཟེར།ཕར་གི་གང་གང་ཕན་ཐོགས་མ་སོང་ཚུར་ལོག་ཡོང་བ་ཡིན་ཟེར།དགེ་ལུགས་དགོན་པའི་ནང་དུ་ཡང་དེ་འདྲ་ཡོང་གི་ཡོད་རེད། ཁྱེད་རང་ཚོའི་ནང་ལོགས་ནས།ཁ་ཤས་ཁ་ཤས་ཀྱིས་བླ་མ་ཡིན་ན་འདྲ།གྲྭ་བགྲས་པ་ཡིན་ནའང་འདྲ།མཁན་པོ་ཡིནའང་།མཚན་ཉིད་ལྟ་དགོས་མ་རེད།ཨོ་དཔེ་ཆ་ལྟ་དགོས་མ་རེད་ཟེར་གིན་འདུག་ན་དེ་ལ་བརྩི་དགོས་མ་རེད་དྭ།
ཉེ་ཆར་༧གོང་ས་མཆོག་གིས་ལ་དྭགས་ལ་གནང་བའི་བཀའ་སློབ་དུམ་མཚམས་གཅིག