ཛ་དྲག་རེ་སྐུལ་གསལ་བསྒྲགས།
གསར་ཤོག་འདི་ལྗགས་ཀློག་གནང་མཁན་རྣམ་པ་ལྷན་རྒྱས་ལ་རེ་སྐུལ་གསོལ་འདེབས་ཞུ་རྒྱུར། འབྲས་ལྗོངས་སྒང་ཏོག་ཏུ་གནས་སྡོད་གུས་ཟླ་བ་ཚེ་རིང་གི བཟའ་ཟླ་ཟླ་བ་བཟང་མོ་རང་ལོ་༣༨ སོན་པ་འདི་ཉིད་ཀྱི་ལུས་ཀྱི་མཁལ་མ་གཉིས་ཀ་སྐྱོན་ཤོར་ཏེ་ལོ་ངོ་བརྒྱད་ཙམ་སོང་ཟིན། ད་ཆ་ནད་གཞི་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐོག
ངའི་བཟའ་ཟླའི་པ་ལགས་ཕོ་བའི་སྐྲན་ནད་(cancer)ཀྱི་མནར་ཏེ། ཕྱི་ལོ་༢༠༠༩ ལོར་ལྡི་ལིར་གཤགས་བཅོས་བྱ་དགོས་བྱུང་ཙང་ཁོ་རང་གི་གཟུགས་ཁམས་བདེ་མིན་གྱི་རྐྱེན་པས་བུ་མོར་མཁལ་མ་སྤྲོད་ཐབས་མ་བྱུང་ལགས། གུས་རང་ཡང་ལོ་བརྒྱད་སྔོན་ཙམ་ནས་ཅི་ནི་ནད་གཞི་(Diabetic)གིས་མནར་བཞིན་ཡོད་སྟབས་བྱ་ཐབས་བྲལ། ཐབས་གཞན་མེད་སྟབས་ཕྱི་ལོ་༢༠༡༠ ཟླ་བ་བཅུ་པའི་ནང་བཟའ་ཟླ་ཟླ་བ་བཟང་མོའི་ཨ་མ་དབྱངས་ཅན་ལགས་ཀྱིས་རང་གི་མཁལ་མ་ཡ་གཅིག་བུ་མོར་སྦྱིན་ཆེད་གཤགས་གཅོད་གནང་ཡང་། ཨ་མའི་མཁལ་མ་བུ་མོར་ཕན་ཐོགས་མ་བྱུང་བའི་ཡིད་སྐྱོའི་གནས་ཚུལ་དུ་གྱུར། ལོ་ན་༧༠ སོན་པའི་ཨ་མའི་གཟུགས་གཞི་རིམ་པས་དྲག་བསྐྱེད་བྱུང་ཡོད་ནའང། བུ་མོའི་མཁལ་མའི་ནད་གཞི་ཚབས་ཆེ་རུ་ཕྱིན་ཏེ་ད་ཆ་བདུན་ཕྲག་གཅིག་གི་ནང་ཉིན་གསུམ་རིང་སྨན་ཁང་དུ་ཁྲག་བརྗེ་ཆེ་Dialysis བྱ་མུས་ཡིན། མཁལ་མ་སྤྲོད་མཁན་ཤ་ཁྲག་གཅིག་པའི་སྤུན་མཆེད་མེད་པར་བརྟེན། བཟའ་ཟླ་ཟླ་བ་བཟང་མོའི་ཚེ་སྲོག་སྐྱོབ་ཆེད་དུ་རང་རེའི་བོད་རིགས་སྤུན་ཟླ་ནང་ཁུལ་བྱམས་སྙིང་རྗེས་གཟིགས་ཏེ་མཁལ་མ་སྦྱིན་པ་གཏོང་མཁན་ཡོད་ཚེ་གཤམ་གསལ་ཁ་པར་ཨང་གྲངས་ཐོག་འབྲེལ་བ་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུ་གི་ཡོད་ལགས་པ་བཅས། ཁོང་གི་བཟའ་ཟླ་བ་ཚེ་རིང་གིས་ཕུལ།
ནད་པའི་ཁྲག་གི་སྡེ་ཚན། B+ ཡིན།
ཁ་པར་ཨང་གྲངས། (Phone No.)0738400978 / 09933449920