གལ་ཆེ་གླ་ཡོད་གསལ་བསྒྲགས།

མཚུངས་མེད་བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་ས་འགོའི་ལས་ཚབ་ཟུར་པ་སྐུ་ཞབས་འཆི་མེད་རྡོ་རྗེ་ལགས་སུ།

ཆེད་ཞུ་དགོངས་མངའ་བཞིན་བར་ལམ་བལ་གཞུང་རྩིས་ཞིབ་པའི་འཇོ་ཁེལ་རྩིས་ཁྲར་རྩིས་ཞིབ་གནང་སྐབས་ཉིད་ནས་བལ་ཡུལ་འཇོ་ཁེལ་ས་འགོའི་ལས་ཚབ་གནང་བའི་ལས་རྒྱུན་ནང་བཟོ་གྲྭའི་རྩིས་ཁོངས་ནས་བལ་སྒོར་༨༨༠༠༠༠༠།༠༠ ས་ཡ་བརྒྱད་དང་འབུམ་བརྒྱད། རྩིས་རྙོག་ཆགས་འདུག་པ་དག་ཕུད་སེལ་དཀྲོལ་ཆེད་ཉིད་རང་གང་དུ་ཡོད་རུང་།  ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༣ ནས་ཉིན་གྲངས་༦༠ ནང་ཚུད་བལ་ཡུལ་འཇོ་ཁེལ་ས་གནས་འགོ་འཛིན་ལས་ཁུངས་སུ་ངེས་པར་ངོ་བཅར་དགོས་པ་དང། གལ་ཏེ་གོང་གསལ་དུ་བཀག་ནང་མ་འབྱོར་ཚེ་འདི་ནས་མ་འདོད་བཞིན་གོང་རིམ་ལ་སྙན་གསན་དང་སྦྲགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དགོངས་དོན་ལག་བསྟར་ཞུ་རྒྱུ་དང་སྦྲགས་།་གསར་ཤོག་ནང་གསལ་བསྒྲགས་ཞུ་རྒྱུ་ཡིན་པས་དེ་དོན་གོང་གསལ་ཚེས་གྲངས་ནང་ཚུད་ས་གནས་ལས་ཁུངས་སུ་ངེས་འབྱོར་ཐུབ་པ་གནང་གལ་དེ་དོན་དགོངས་འཇགས་ཞུ།

བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་བཟོ་གཞིས་ལས་ཁུངས་ནས་༢༠༡༢ ཟླ་༡༠ ཚེས་༡ ལ།