དབང་པོས་གླེང་བ།།

དབང་པོས་གླེང་བ།། བྱང་ཕྱོགས་ཀྱི་གཙང་རླུང་དྭངངས་མ་དང་བྱ་བྱེའུས་གསུང་སྙན་འཇམ་པའི་ངང་གིས་བདག་ལ་ལང་བརྡ་ལན་མང་དུ་བྱས། ཕྲན་གྱི་སེམས་ཆུང་གིས་གུང་གསེང་ཡིན་པར་ཤེས་པས་སྐྱིད་ལྷང་ལྷང་གིས་སྙིང་རྩ་འཕག་སྒྲ་རེ་གཉིས་བརྒྱབས། དེ་ན་མལ་གདན་བྲོ་སོབ་ནས་བྲལ་པ་ན་རླུང་བསིལ་གྱིས་ལུས་པོ་རགས་པ་དེ་ཏོག་ཙམ་གྲང་པ་གྱུར།

རང་ཉིད་ཀྱི་ནང་མ་སེམས་ཆུང་གནས་སའི་ལུས་རགས་པ་དེ་ཅ་ག་མ་བྱས་ན་ག་ལ་འགྲིགས། ལམ་སེང་ལུས་པོས་བྲོ་ལྡན་གྱི་རྒྱན་ཆས་བརྒྱན། དེང་དུས་སྤྱིའི་སྤྱན་དང་པོ་གཟིགས་ས་མིའི་ཕྱི་གཟུགས་ཡིན་པ་དེ་གཙང་མའམ་མཛེས་སྡུག་ཅན་ཞིག་བཟོས་ན་ག་ལ་འགྲིགས། ཕྲན་གྱིས་དུས་རྒྱུན་ཉི་མ་ཤར་བ་བཞིན་རང་ཉིད་ཀྱང་གཙང་སྦྲ་བྱས། ཕྱག་ཚོད་ཀྱི་སྐར་མདའ་བརྒྱད་པར་ཟིམ་པ་ན། བུམ་ཆུང་གྲོད་པས་ཁྱེད་ཀྱི་གཅེས་ནོར་འཛིན་པའི་སྙིང་དང་ལུས་པོ་དེ་གསོ་བ་ལ་ཁ་ཟས་མ་བྱུང་ན་ག་ལ་འགྲིགས་ཅེས་འབོད་སྒྲ་ཇེ་ཤུགས་ཆེར་ཞིག་ཕྲན་གྱི་སྣ་ཆུང་གིས་ཐོས། བྱམས་སེམས་ལྡན་པའི་རྐང་བློན་གྱི་རྒྱབ་བསྐྱོར་འོག་གསོལ་ཐབ་ཁང་དུ་བསྐྱོད། གསོལ་ཐབ་དུ་འབྱོར་མ་ཐག་སྣ་ཆུང་གི་མཛའ་གྲོགས་རླུང་པོ་ལགས་བང་རྩལ་ངོམས་བཞིན་སླེབས། ལུས་པོར་རླུང་པས་བཅུད་ལྡན་གྱི་ཟས་དྲི་ཞིམ་བསྐྱུས་པས་སྣ་ཆུང་ལ་མཛའ་གྲོགས་ཀྱི་བརྕེ་སེམས་ཡོད་མོལ་གྱི་འགའ་རེ་འཐམ་ནས་འཇའ་ལྟར་ཡལ། དེ་ན་ཕྲན་གྱི་འཛིན་གྲོགས་པ་སངས་ལགས་ཀྱིས་གསོལ་སྡེརར་སྟེང་ན་བཞེས་བག་དང་བཞེས་ཚལ་འཇོག་སྒོ་བརྕམས་། མཆུས་མགོ་འགྲེངས་ཙམ་བྱས། ལམ་སེང་དུང་ཆེན་སོས་གང་མཐོང་བ་རྣམས་དམར་ཆེན་ལྕེ་ལ་ཇི་མ་ཇི་བཞིན་བརྗོད། ལྕེ་དམར་གྱིས་ཐོས་པ་ན་དངུལ་ཆུ་ངང་གི་ཐོན། གང་མཚམས་ནས་པ་སངས་ལགས་ཀྱིས་ལས་དོན་ཆ་ཚང་བསྒྲུབས་པ་ན། སློབ་མ་ཚང་མའི་མཉམ་འཛོམས་ངང་ནས་དཀོན་མཆོག་གསུམ་ལ་བཞེས་ཟས་ཕུལ་བ་དང་སྦྲགས་གྲོགས་མཆོག་ཞལ་གྱིས་བསྟོད་པའི་གླུ་དབྱངས་སྙན་ཞིག་བླངས། མཐར་མི་ཆུང་གིས་ཁ་ཟས་ལེགས་པོར་བལྟས་པ་དང་ལག་པས་རང་གི་བྱ་ལས་ནི་ལོ་རྒན་ཁ་ལ་ཞབས་ཕྱིས་གང་མང་བཞུས་པ་དང་གྲོད་ཁོག་སྔར་གྱིས་སྡུག་འབོད་དེ་ཞི་བར་འགྱུར། མདོར་ན་དབང་པོ་ཚང་མའི་ཡིད་འཚིམ་པ་འགྱུར་བས་རྐང་པས་མ་བསྐུལ་དང་ལང་གི་དབང་པ་རྣམས་སྔར་གྱི་ས་གནས་སུ་འཇོག་གོ།།