འཕུར་སོང་། ཁྱོད་འདི་ལྟར་འཕུར་སོང་།
རྒྱུ་དངོས་ཀྱི་ཤོག་ཟུང་རྒྱས་ཏེ་
འབྱུང་འགྱུར་གྱི་འཚོ་བ་བསམ་ནས་
ཞལ་རས་མཛུམ་གྱིས་ཁེངས་ཏེ་
སྙིང་ཁོངས་ནས་དགའ་བ་འཕྱུར་བཞིན་ཕུར་སོང་
རེད་ཡ་
བདེ་སྐྱིད་ཀྱི་དོན་དུ་
རང་དབང་གི་དོན་དུ་
ཁྱིམ་ཚང་གི་དོན་དུ་
མདོར་ན་
ཡོད་ཚད་ནས་ཡོད་ཚད་
རང་ཉིད་ཀྱི་དོན་དུ་
ཁྱོད་འདི་ལྟར་ཕུར་སོང་
སྤུན་ཟླ་ལགས་
ཁྱོད་ཕུར་ཤུལ་དུ་
མི་རིགས་ཀྱི་རང་དབང་
གཞིས་བཞུགས་ཀྱི་རེ་བ་
ཕ་མེས་ཀྱི་རིག་གཞུང
བུ་རབས་ཀྱི་ལས་དབང་
ཡོད་ཚད་ནས་ཡོད་ཚད་
འཇའ་མཚོན་བཞིན་ཡལ་གྱིན་འདུག་
ལྟོས་དང་
འཚོ་བཞིན་པའི་བུ་རབས་ཀྱི་མིང་ཟུ ང་ལ་ལྟོས་དང་
བཞུད་ཉེ་བའི་བླ་མ་ཡི་ཞལ་རས་ལ་ལྟ ོས་དང་
འགྱུར་བཞིན་པའི་མཐོ་སྒང་གི་ལས་ད བང་ལ་ལྟོས་དང་
འདི་དག་གིས་
ཁྱོད་ལ་མདར་སེག་སེག་གི་འཚོར་བ་ཞ ིག་གཏེར་ངེས་
ད་དུང་
བཙན་དབང་གི་འོག་ནས་འདས་པའི་སྤུན ་ཟླ་
མེ་ལྕེ་ཡི་ཁྲོད་ནས་བསྲེགས་པའི་ས ྤུན་ཟླ་
འདི་དག་གིས་
ཆེས་ཐག་རིང་ཞིག་ནས་ཁྱོད་ལ་ལྟ་བཞ ིན་ཡོད་
སྤུན་ཟླ་ལགས་
མཐོན་མི་ཨ་ནུའུ་གསར་གཏོད་
སྲོང་བཙན་སྒམ་པོའི་སྙིང་སྟོབས་
ཁྲི་སྡེ་བཙན་པའི་བློ་རིགས
ཁྲི་སྲོང་བཙན་པོའི་མཛད་རྗེས་
རལ་བ་ཅན་གྱི་རྡོ་རིང་
ཡེ་ཤེས་འོད་ཀྱི་ཚེ་སྲོགས་
བྱང་ཆུབ་འོད་ཀྱི་དམ་བཅའ་
འདི་དག་ལ་བསམ་ཚེ་
ཁྱོད་ཡོད་ཚད་བོར་ནས་
འདི་ལྟར་ཕུར་ནུས་སམ་
ཡོད་ཚད་ནས་ཡོད་ཚད་
རང་ཉིད་ཀྱི་དོན་དུ་
ཁྱོད་འདི་ལྟར་ཕུར་སོང་
སྤུན་ཟླ་ལགས་
ཁྱོད་ཕུར་ཤུལ་དུ་
མི་རིགས་ཀྱི་རང་དབང་
གཞིས་བཞུགས་ཀྱི་རེ་བ་
ཕ་མེས་ཀྱི་རིག་གཞུང
བུ་རབས་ཀྱི་ལས་དབང་
ཡོད་ཚད་ནས་ཡོད་ཚད་
འཇའ་མཚོན་བཞིན་ཡལ་གྱིན་འདུག་
ལྟོས་དང་
འཚོ་བཞིན་པའི་བུ་རབས་ཀྱི་མིང་ཟུ
བཞུད་ཉེ་བའི་བླ་མ་ཡི་ཞལ་རས་ལ་ལྟ
འགྱུར་བཞིན་པའི་མཐོ་སྒང་གི་ལས་ད
འདི་དག་གིས་
ཁྱོད་ལ་མདར་སེག་སེག་གི་འཚོར་བ་ཞ
ད་དུང་
བཙན་དབང་གི་འོག་ནས་འདས་པའི་སྤུན
མེ་ལྕེ་ཡི་ཁྲོད་ནས་བསྲེགས་པའི་ས
འདི་དག་གིས་
ཆེས་ཐག་རིང་ཞིག་ནས་ཁྱོད་ལ་ལྟ་བཞ
སྤུན་ཟླ་ལགས་
མཐོན་མི་ཨ་ནུའུ་གསར་གཏོད་
སྲོང་བཙན་སྒམ་པོའི་སྙིང་སྟོབས་
ཁྲི་སྡེ་བཙན་པའི་བློ་རིགས
ཁྲི་སྲོང་བཙན་པོའི་མཛད་རྗེས་
རལ་བ་ཅན་གྱི་རྡོ་རིང་
ཡེ་ཤེས་འོད་ཀྱི་ཚེ་སྲོགས་
བྱང་ཆུབ་འོད་ཀྱི་དམ་བཅའ་
འདི་དག་ལ་བསམ་ཚེ་
ཁྱོད་ཡོད་ཚད་བོར་ནས་
འདི་ལྟར་ཕུར་ནུས་སམ་
འབྲི་གུང་གདན་ས་བྱང་ཆུབ་གླིང་ནས