གསུང་ཆོས་གསལ་བསྒྲགས།
༄༅།།དད་ལྡན་ཆོས་ཞུ་བ་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ངོས་ནས་རིན་པོ་ཆེ་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན།ལྕང་སྐྱ་ངག་དབང་ཆོས་ལྡན་དང་སྐྱིད་ཤོད་ཞབས་དྲུང་གཉིས་ཀྱི་སྒྲུབ་དཀྱིལ་གྱི་སྟེང་ནས།
རྒྱ་གར་གྱི་གྲུབ་ཆེན་ཨ་བྷྱ་ཀཱ་རས་མཛད་པའི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བའི་བཀའ་དབང་གྲངས་ ༤༥ བཞུགས་པ་ལས། ཕྱི་ལོ་༢༠༡༡ ལོར་བླ་མེད་ཀྱི་བཀའ་དབང་བརྒྱད་གནང་གྲུབ་ཀྱང་། ད་ལོར་བསྐྱར་དུ་བཀའ་དབང་༤༥ ཆ་ཚང་གནང་རྒྱུའི་ཞལ་བཞེས་སྐལ་བཟང་ཐོབ་པ་དང་འབྲེལ། གཤམ་གསལ་བཀའ་དབང་གནང་ཡུལ་དང་གནང་དུས་བཅས་དགོངས་མངའ་ཡོད་པར་ཞུ།
ཕྱི་ལོ༢༠༡༢་ཕྱི་ཟླ་༡༠ཚེས་༠༤་ཉིན་རྡ་སར་གཟིམ་ཆུང་ནང་དུ་བརྒྱབ་པའི་༧གོང་ས་མཆོག་དང་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་སྐུ་དཔར།
༼གསུང་ཆོས་གནང་ཡུལ། སེར་བྱེས་མཁས་སྙན་གྲྭ་ཚང་གི་གཙུག་ལག་ཁང་། གསུང་ཆོས་གནང་དུས། ཕྱི་ལོ་༢༠༡༢ ཕྱི་ཟླ་༡༡ པའི་ཚེས་༥ ནས་ཕྱི་ཟླ་༡༡ པའི་ཚེས་༢༥ བར་ཉིན་གྲངས་༢༡ རིང།༽
༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ཟླ་༨པའི་ཚེས་༢༤ཉིན།འབྲེལ་གཏུག་བྱ་ཡུལ།༩༨༨༠༦༠༢༧༦༦-༩༧༤༡༨༡༨༨༡༠-༩༨༨༠༣༩༠༦༩༣