གསར་འགོད་པའི་ས་མིག་གསལ་བསྒྲགས།

འདི་ག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་རྩོམ་སྒྲིག་གཙོ་གཉེར་བྱེད་བཞིན་པའི་བོད་ཀྱི་བང་ཆེན་དྲ་རྒྱའི་དབྱིན་ཡིག་དྲ་ངོས་ཀྱི་གསར་འགོད་པ་ཞིག་གམ། ཡང་ན་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་གྱི་རྒྱལ་སྤྱིའི་གསར་འགྱུར་སྒྱུར་སྒྲིག་བྱེད་མཁན་གྱི་གསར་འགོད་པ་གཅིག་དགོས་པས།

གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་པ་རྣམས་ཀྱིས་ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༥ ནང་ཚུད་འདི་ག་སྲི་ཞུ་ཁང་དུ་ཡིག་ཐོག་སྙན་ཞུ་འབྱོར་དགོས་པ་དང། དེའི་རྗེས་སུ་འབྱོར་རིགས་རྣམས་རྩིས་མེད་ཡིན། སྙན་ཞུ་དང་མཉམ་དུ་གཤམ་གསལ་དགོས་མཁོའི་ཡིག་ཆ་ཁག་དང། རང་ཉིད་ཀྱི་ཤེས་ཚད་ལག་ཁྱེར་གྱི་ངོ་བཤུས་རྣམས་ཀྱང་ཆབས་འབུལ་ཞུ་དགོས། སྙན་ཞུ་འབྱོར་མཁན་རྣམས་ལས་ཤེས་ཚད་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན་ཞིང་། འདེམས་སྒྲུག་ཟིན་རྗེས་དགོས་མཁོའི་མཐུན་རྐྱེན་རྣམས་སྲི་ཞུ་ཁང་གི་སྒྲིག་གཞིའི་ནང་གསལ་ལས་བྱེད་སྤྱི་མཚུངས་ལྟར་འཐོབ་རྒྱུ་ཡིན་པ་བཅས་དེ་ལུགས་དགོངས་འཇགས་ཞུ།

གཤམ་གསལ་དགོས་མཁོའི་ཆ་རྐྱེན་ཁག

༡༽            བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་ཡོད་པ་དང་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ།

༢༽            རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་ཡོད་པ།

༣༽            དབྱིན་བོད་གཉིས་ཀ་མཐོ་སློབ་ཐོན་པའམ་དེ་དང་མཉམ་པའི་ཤེས་ཚད་ཡོད་པ།

༤༽            བོད་དབྱིན་ཡིག་སྒྱུར་གྱི་ཤེས་ཚད་ཡོད་པ།

༥༽            གློག་ཀླད་ཀྱི་རྨང་གཞིའི་ཤེས་ཚད་ཡོད་པ།

༦༽            གསར་འགོད་རིག་པའི་སྐོར་ལ་ཆེད་སྦྱོང་ཡོད་པའམ། ལས་ཀའི་ཉམས་མྱོང་ཡོད་པ། ཧིན་དི་དང་རྒྱ་ཡིག་སོགས་ཀྱི་ཤེས་ཚད་ཡོད་ན་དམིགས་བསལ་ཆ་རྐྱེན་དུ་བརྩི་རྒྱུ་ཡིན།

༧༽            གཟུགས་ཐང་ལས་ཕེར་ཡིན་པ་རྒྱ་བོད་ཀྱི་སྨན་ཁང་གང་རུང་ནས་ངོས་སྦྱོར་ངེས་པར་དུ་ཡོད་དགོས།

༨༽            དམའ་མཐའ་ལོ་གསུམ་ལ་སྲི་ཞུ་ཁང་དུ་ལས་ཀ་བྱ་རྒྱུའི་ཆོད་སེམས་ཡོད་པ་བཅས་དགོས།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༢༤ ལ་ཕུལ།

ཡིག་ཚང་ཁ་པར། 01892 226175/229302

ལག་འཛིན་ཁ་པར། 9816178505/9418122118

གློག་འཕྲིན་ཁ་བྱང། tsultrimserta@hotmail.com

འབྲེལ་གཏུག་ཁ་བྱང་།

Executive Director

Khawa Karpo Tibet Culture Centre

C.M.O Road, P.O Dharamsala-176215 Distt. Kangra (H.P)