ཁམས་སོག་རྫོང་གི་གྲྭ་པ་ཞིག་རྒྱ་གཞུང་གིས་འཇུ་བཟུང་།
ཟླ་འདིའི་ཚེས་༢༣ ཉིན་ཁམས་འབྲི་རུ་རྫོང་བསྟན་པའི་
གྲྭ་པ་བཀྲ་ཤིས་ནོར་བུ་ནི་ཁམས་སོག་རྫོང་ཚ་དབྲོག་གྲོང་རྡལ་གྲོང་ཚོ་བདུན་པའི་ཕ་མགོན་རྣམ་གྱི་བུ་ཡིན་པ་དང། རང་ལོ་༡༩ ཡིན་འདུག ཁོང་འཛིན་བཟུང་རྗེས་སོག་རྫོང་ཐོག་ཏུ་ཁྲིད་ཡོད་པ་དང་། ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཡོད་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཡིན་སྐོར་འདུག
ཁམས་སྲིང་མོ་རྫོང་ཞེས་པའི་གནས་རིའི་འདབས་ན་ཆགས་པའི་ཆགས་རི་དགོན་ནམ་སྲིང་རྫོང་འོད་གསལ་སྒྲུབ་སྡེ་ཨོ་རྒྱན་དམ་ཆོས་གླིང་ཞེས་པ་སྔ་འགྱུར་རྙིང་མའི་དགོན་པ་གྲགས་ཅན་ཞིག་རེད་ལ། གཏེར་སྟོན་ཆེན་པོ་ཁམས་པ་ཉི་མ་གྲགས་པའི་གདན་ས་ཡང་རེད། ཁམས་སྲིང་མོ་རྫོང་ནི་འབྲི་རུ་རྫོང་དང་། སོག་རྫོང་གི་གཉིས་ཀྱི་བར་ན་ཡོད་པའི་གནས་རི་གྲགས་ཅན་ཞིག་གི་མིང་ཡིན་པ་རེད།
དེང་སྐབས་འབྲི་རུ་རྫོང་དང་སོག་རྫོང་གི་མི་མང་རྣམས་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་པ་དང་། གྲོང་ཚོ་རེའི་བར་ན་ལག་འཁྱེར་ཞིབ་གཤེར་ཀྱི་ས་ཚུགས་རེ་བཙུགས་ནས་ཞིབ་གཤེར་ཀྱིས་མཚོན་གནོན་བཙིར་བྱེད་ཀྱི་འདུག་ཟེར། ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཡོད་མཁན་རྣམས་ཉིན་གཅིག་གཉིས་ཙམ་རེ་འཛིན་བཟུང་བྱས་ནས་wechat ཟེར་མཉེན་ཆས་ནང་སྐད་ཆ་བཤད་ཡོད་མེད་དང་ཕྱི་སྡོད་བོད་མི་རྣམས་དང་འབྲེལ་བ་ཡོད་མེད་རྩད་གཅོད་བྱེད་ཀྱིན་འདུག་ཟེར་།
མ་ཟད་དེང་སྐབས་རྒྱ་ནག་གི་ཏང་གི་ཚོགས་ཆེན་ཐེངས་༡༨ པ་འཚོགས་ལ་ཉེ་བའི་སྐབས་དང་ཁེལ་བས། ས་གནས་སུ་སྔར་ལས་ལྷག་པའི་དམ་དྲག་བྱེད་ཀྱིན་ཡོད་པ་དང་། དེ་བཞིན་དགོན་པ་དེ་ནས་ཁམས་ནགས་ཤོད་འབྲི་རུ་ནས་ཡིན་པའི་གྲྭ་པ་ཞིག་འཛིན་བཟུང་བྱས་ཡོད་འདུག་ཀྱང་། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མ་སོང་ཞེས་བོད་ནས་མིང་བརྗོད་འདོད་མེད་པ་ཞིག་གི་འགྲེལ་བརྗོད་གནང་སོང་།།