༄༅།།ཞི་བདེའི་གྲོས་འཆར་དོན་ཚན་ལྔ་།།
འདི་ཡི་ནང་དུ་དབུ་མའི་ལམ་གྱི་དགོངས་དོན་ཚང་ཡོད་དམ།
དང་པོ།
བོད་ས་ཡོངས་རྫིགས་ཞི་བའི་བསྟི་གནད་ཤིག་ཏུ་བསྒྱུར་རྒྱུ།
གཉིས་པ།
རྒྱ་མི་འབོར་ཆེན་བོད་ནང་གནས་་སྤོ་བྱེད་པའི་རྒྱ་ནག་གི་སྲིད་བྱུས་དེས་རྐྱེན་པས་བོད་མིའི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དེ་དག་མཚམས་འཇོག་དགོས་རྒྱུ།
གསུམ་པ།
བོད་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་།་་་་་་་དམངས་གཙོའི་རང་དབང་རྣམས་ལ་བརྩི་བཀུར་དགོས་རྒྱུ།
བཞི་པ།
བོད་ཀྱི་རང་བཞིན་འབྱུང་ཁམས་ཀྱི་ཁོར་ཡུག་བཟང་པོའི་གནས་སྟངས་སྔར་སོར་ཆུད་ཐབས་དང་།སྲུང་སྐྱོབས་བྱ་དགོས་པའི་ཐོག་བོད་ནང་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་བྱེད་པ་དང་། རྡུལ་ཕྲན་གྱི་སྙིགས་རོ་རྣམས་ཕུང་གསོག་བྱེད་བྱེད་འཆར་བཅས་མཚམས་འཇོག་དགོས་རྒྱུ།
ལྔ་པ།
བོད་ཀྱི་མ་འོངས་པའི་གནས་བབ་དང་།་་་་་་བོད་དང་རྒྱ་ནག་དབར་གྱི་འབྲེས་བའི་སྐོར་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་གྲོས་མོལ་འགོ་འཛུགས་དགོས་རྒྱུ།