ལས་བྱེད་གསར་བསྡུའི་གསལ་བསྒྲགས།
༄༅། །འདི་གར་ནང་བསྟན་སྲི་ཞུ་ཁང་ལས་ཁུངས་སུ་བོད་ཡིག་འབྲི་ཀློག་དག་གསུམ་གང་ལེགས་ཐོག ཁ་སྐད་ཧ་ཅང་གོ་བདེ་པོ་ཡོད་མཁན་གྱི་གཏན་འཇགས་སམ་གནས་སྐབས་ཀྱི་ལས་བྱེད་ཁག་གཅིག་དགོས་གལ་ཡོད་པ་བཞིན། ཆ་རྐྱེན་ཚང་ཞིང་ཞུགས་བློོ་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་འཐུས།
དགོས་ངེས་ཆ་རྐྱེན།
༡༽ བོད་ཡིག་གི་དག་ཆ་སོགས་རྨང་གཞིའི་གནས་ཚད་ལེགས་པོ་ཡོད་པ།
༢༽ ལྷ་སའི་ཁ་སྐད་ནང་བསྒྱུར་བཟོ་བྱས་པའི་གློག་བརྙན་ཁག་བོད་ཡིག་ནང་ཕབ་ཐུབ་པ།
༣༽ ཁ་སྐད་ཧ་ཅང་གོ་བདེ་པོའི་ཐོག་ཕྱི་རྒྱལ་བའམ་ཕྱི་སྡོད་བོད་རིགས་ན་གཞོན་ཚོར་བོད་ཡིག་སློབ་ཁྲིད་བྱེད་ཐུབ་པ།
༤༽ རང་མི་རིགས་ཀྱི་སྐད་དང་རིག་གནས་ལ་དགའ་ཞེན་ཆེ་ཞིང་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུ་འདོད་ཡོད་པ།
༦༽ རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་དང་། ཚོགས་སྡེ་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོ་སྦྱོར། གཟུགས་ཐང་ལས་འཕེར་བཅས་ཡིན་དགོས།
༧༽ མཐའ་མའི་འཚང་རྒྱུགས་སུ་བོད་དབྱིན་གཉིས་འབྲི་རྒྱུགས་དང་། ངག་རྒྱུགས་ལེན་རྒྱུ།
ནང་བསྟན་སྲི་ཞུ་ཁང་ཤེས་ཡོན་ལྷན་ཚོགས་ནས། ཕྱི་ལོ་༢༠༡༢ ལོའི་ཟླ་༡༠ ཚེས་༢༣ ཉིན།
འབྲེལ་བ་གནང་ཡུལ།
Tilak Ray Building Bhagsu Road
P.O Mcloed Ganj,
Dharamshala,176219 Kangra H.P India
Mail: contact@esukhia.org